[facetwp counts="true"]
[facetwp facet="keyword_filter"]
[facetwp facet="announcement_categories"]
[facetwp facet="tags"]
[facetwp sort="true"]
  •    གསལ་སྒྲགས།
    བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཕྲུག་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༣༠ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས།   ༄༅། །འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་ནང་བོད་ཀྱི་ཆོས་དང་རིག་གཞུང་དར་ཁྱབ་ཧ་ཅང་ཤུགས་ཆེ་འགྲོ་མུས་བཞིན། བོད་ཀྱི་ཟློས་གར་ཚོགས་པའི་གནས་བབ་དང་བསྟུན་ནས་བོད་ཀྱི་རྩ་ཆེའི་རིག་གཞུང་རྒྱུན་འཁྱོངས་དར་སྤེལ་སྔར་ལྷག་འབྱུང་ཐབས་སུ་སྒྱུ་རྩལ་བ་སློབ་ཕྲུག་བུ་གྲངས་ ༦ དང་། བུ་མོ་ ༦ བཅས་སློབ་ཡོན་ཆག་ཡང་ཐོག་གསར་འཇུག་ཞུ་རྒྱུའི་ཆ་རྐྱེན་གཤམ་གསལ། ཀ༽   འཚང་རྒྱུགས་ཆ་རྐྱེན། ༡།      བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་ལ་དོ་དབྱིངས་ཡོད་པ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༢༡ ལོའི་ UWC Horizon Foundation སློབ་ཡོན་གསལ་བསྒྲགས།
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས།  ༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༨ ཀྱི་མཐོ་སློབ་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཚད་མཉམ་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༢༡ ལོའི་ UWC Horizon Foundation སློབ་ཡོན་གྱི་གོ་སྐབས་ཡོད་འདུག་ན། ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ༢༠༢༠ བར་བཞག་ལོའི་སློབ་ཡོན་གསལ་བསྒྲགས།  
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུ།    ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་གཉིས་ཚན་རིག་སློབ་ཚན་ཐོན་སྟེ་ལོ་གཅིག་གི་རིང་སློབ་མཚམས་འཇོག་མཁན་སློབ་ཕྲུག་གྲངས་ ༡༠ ལ་ཕྱི་ལོ་༢༠༢༡ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་ MBBS དང་ Engineering གཉིས་ཀྱི་ཚུད་རྒྱུགས་གྲ་སྒྲིག་གི་སློབ་ཡོན་གནང་རྒྱུ་ཡིན་པ་དང་། འཚང་སྙན་རྣམས་གཤམ་གསལ་དྲ་ལམ་སྦྲེལ་ཐག་བརྒྱུད་ཕྱི་ལོ་༢༠༢༠ ཟླ་  ༡༡… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༡༣ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ རེས་གཟའ་མིག་དམར།           རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༡༢ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཟླ་བ། ༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྦན་ད་ར་ནོར་རྒྱས་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་དུ་སྨན་ཞབས་གཉིས་ཀྱི་ས་མིག་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞབས་ཞུ་གནང་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས། དགོས་མཁོའི་ཆ་རྐྱེན་ཁག ༡། སྨན་ཞབས་སློབ་ཐོན་ཟིན་པའི་ལག་འཁྱེར་ངོ་བཤུས། ༢། དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༨ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༨ རེས་གཟའ་ཕུར་བུ། ༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་མོན་གྷོ་འདོད་རྒུ་གླིང་དང་། འབིར། སྦན་ད་ར་ནོར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་དུ་སྨན་པའི་ས་མིག་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞབས་ཞུ་གནང་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས།  དགོས་མཁོའི་ཆ་རྐྱེན་ཁག  ༡། སྨན་པའི་སློབ་ཐོན་ཟིན་པའི་ལག་འཁྱེར་ངོ་བཤུས།  ༢། གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་ཚད་ལྡན་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ།  ༣།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཡོངས་ཁྱབ་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༦ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༦ རེས་གཟའ་མིག་དམར། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ ཉིན་ཁྲིམས་ཞིབ་པ་ལྷ་འབྲུག་མཆོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་མདུན་དྲ་ལམ་བརྒྱུད་སྐོར་སྐྱོད་ཁྲིམས་ཞིབ་པའི་ལས་ཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་ཟིན་པ་ལྟར། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ཏུ་གསལ་བའི་སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད་དང་། གོང་ཞུའི་ཁྲིམས་ཁོངས་ཁྱབ་ཚད་དུ་གཏོགས་པའི་ཁ་མཆུའི་རིགས་མཐའ་དག་བདེ་སྐྱིད་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སྐོར་སྐྱོད་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་ཆོག་པའི་ཡོངས་ཁྱབ་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༠… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༩ ཚེས ༢༢ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར། ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ནང་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་ ༢ ཐོག་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཁྱད་ལས་པ་དྲུང་གཞོན་ས་མིག་ ༢  ༼གཉིས། ༽ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ། ༡༽ ལས་འགན།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སློབ་ཡོན་དུས་འགྱངས་ཞུས་པ།
    ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ རེས་གཟའ་ཟླ་བ།  ༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ལོའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཞུ་སྙན་དུས་འགྱངས་ཞུས་པའི་གསལ་བསྒྲགས་སུ། ཏཱ་ལའི་བླ་མ་དགེ་རྩའི་གཙུག་ལག་རབ་འབྱམས་པའི་ཞུ་སྙན་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༥ ཕྱི་དྲོའི་ཚོུད་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༢༤ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༤ རེས་གཟའ་ཟླ་བ། ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ལས་བྱེད་དགོས་མཁོ་བཞིན། སྲི་ཞུའི་ལས་བྱེད་ཁ་སྐོང་ཆེད་གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་གནས་རིམ་ལྟར་ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་ས་རྒྱུན་མཐུད་ཞུ་བློ་ཡོད་རིགས་རྣམས་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེའི་མཚན་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༥ ཕྱི་དྲོའི་ཕྱོག་ཚོད་ ༥ འགྱངས་མེད་འཚང་སྙན་སྦྲགས་ཁང་ངམ་གློག་འཕྲིན་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༢༤ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༤ རེས་གཟའ་ཟླ་བ། ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ལས་བྱེད་དགོས་མཁོ་བཞིན། སྲི་ཞུའི་ལས་བྱེད་ཁ་སྐོང་ཆེད་གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་གནས་རིམ་ལྟར་ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་རྒྱུན་མཐུད་ཞུ་བློ་ཡོད་རིགས་རྣམས་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེའི་མཚན་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༥ ཕྱི་དྲོ་ཕྱོག་ཚོད་ ༥ འགྱངས་མེད་འཚང་སྙན་སྦྲགས་ཁང་ངམ་གློག་འཕྲིན་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གྲྭ་བཙུན་སློབ་གཉེར་བ་རྣམས་ནས་རྩོམ་ཡིག་བསྡུ་རྒྱུའི་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༡༡ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༡ རེས་གཟའ་མིག་དམར།   ༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་གནང་བ་བཞིན། འདི་ག་ཆོས་རིག་ལས་ཁུངས་ནས་དེ་འབྲེལ་ལས་རིམ་ཁག་ཅིག་སྤེལ་རྒྱུའི་གྲས་སུ། བཙན་བྱོལ་བོད་མིའི་རིས་མེད་དགོན་སྡེ་ཁག་གི་བཤད་གྲྭའམ་སློབ་གྲྭའི་གྲྭ་བཙུན་སློབ་གཉེར་བ་རྣམས་ཀྱི་སྐད་ཡིག་དང་རིག་རྩལ་གྱི་གྲུབ་འབྲས་སྤྱན་འབུལ་སླད། རྩོམ་ཡིག་བསྡུ་བསྐུལ་གྱི་དམིགས་བསལ་ལས་རིམ་ཞིག་སྤེལ་རྒྱུའི་སྒྲོམ་གཞི་གཤམ་གསལ། དུས་སྒྲོམ། ཕྱི་ལོ་ ༢༠༢༠ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་གསར་བསྐོ་གསལ་བསྒྲགས།
    ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༧ རེས་གཟའ་པ་སངས།  ༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་སྣར་ཐང་པར་ཁང་དུ་བུད་མེད་ལས་བྱེད་གཅིག་གི་ས་མིག་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་འཐུས། ༡༽ ལས་འགན། ཕྱི་དྲིལ་སྣར་ཐང་པར་ཁང་གི་པར་སྐྲུན་ཆེད་ལྕགས་གླེགས་ (Plate making) བཟོ་སྐྲུན་དང། པར་གཞི་སྒྲིག་སྤྱོར་(Layout)  དེ་མིན་དེབ་རིགས་དང་དུས་དེབ་སོགས་པར་སྐྲུན་ཇི་ཐོན་རྣམས་ལྟེབ་བཅག་(Folding)དང་། རྐྱེལ་འབྲེན།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཡོངས་ཁྱབ་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༧ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༧ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ འཁོད་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིག་འཁྱམ་ངོས་འཛིན་གནང་ཕྱོགས་དང་འབྲེལ་བའི་གསལ་བསྒྲགས་དོན་ཚན་ ༥ ཅན་གསལ་བའི་ནང་དོན་བཞིན་དཔལ་ལྡན་བཀའ་ཤག་ནས་ཀྱང་ངོས་འཛིན་གནང་ཕྱོགས་དེ་ལྟར་གཅིག་མཚུངས་གནང་རྒྱུ་གནང་སོང་བ་དང་། སླད་ནས་འདི་ག་བརྒྱུད་ཚོགས་སྒེར་སུ་ཐད་ནས་དཔལ་ལྡན་བཀའ་ཤག་ཏུ་བདེ་སྡུག་ཞུ་སྙན་དང་། དགོངས་ཚུལ་འབུལ་དགོས་ཇི་ཡོད་གོང་གསལ་གསལ་བསྒྲགས་ཀྱི་དོན་ཚན་ཁག་དང་མི་འགལ་བ་ངེས་པར་དགོས་པའི་གསལ་བསྒྲགས་སུ།… རྒྱས་པ་འདིར་གཟིགས་རོགས་གནང་།