[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༣ ཚེས ༥ ༢༠༡༢
     
    ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཤེས་རིག་ལས་ཁུངས་དང་། རྩིས་ཞིབ་ལས་ཁུངས་སོ་སོའི་ཆེད་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས། ཀ༽ ཤེས་རིག་ལས་ཁུངས་ཆེད་ཁྱད་ལས་པའི་དྲུང་ལས་གནས་རིམ་དུ་མདུན་ལམ་སློབ་སྟོན་པའི་ལས་རོགས་ཀྱི་ས་མིག་གྲངས ༡ དགོས་མཁོའི་ཆ་རྐྱེན། ༡༽ ཤེས་ཚད། ངོས་འཛིན་ཡོད་པའི་རྒྱ་གར་དང་ཕྱི་རྒྱལ་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས། བསམ་བློའི་ཚན་རིག (Psychology) ཐོག་གཙུག་ལག་རབ་འབྱམས་པ་ (M.A. Or M.Sc.) ཐོན་པའམ། ཡང་ན་ཤེས་ཡོན་རིག་པའི་གཙུག་ལག་རབ་འབྱམས་པ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    དགེ་རྒན་ས་མིག་གསལ་བསྒྲགས།
    ཟླ་བ་ ༣ ཚེས ༢ ༢༠༡༢
     
    ༄༅། །བལ་ཡུལ་ཀོ་པཎ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་དུ་བོད་དགེ་ཞིག་དང་དབྱིན་དགེ་ཞིག བལ་སྐད་དགེ་རྒན་གཅིག་བཅས་དགེ་རྒན་གསུམ་གྱི་ས་མིག་སྟོང་པ་ཡོད་པས་སྙན་ཞུ་འབུལ་འདོད་ཡོད་མཁན་རྣམས་ནས་གཤམ་གསལ་ལྟར་ཤེས་ཚད་ལྡན་དགོས།། 《ཆ་རྐྱེན་ནམ་ཤེས་ཚད།།》 ༡༽འབྲིང་རིམ་བོད་དགེའི་ཤེས་ཚད་དུ་སློབ་དཔོན་《Acharya/M.A》ནམ་བསྟན་བཅོས་《Shastri/B.A》ཡང་ན་དེ་མཚུངས་མཐོ་རིམ་སློབ་གྲྭ་གང་རུང་ནས་དེ་དང་ཤེས་ཚད་མཉམ་པའི་ཕྱག་འཁྱེར་ཡོད་པ་དགོས་རྒྱུ། གལ་ཏེ་གོང་གསལ་ཕྱག་འཁྱེར་ཐོག་དགེ་རྒན་འོས་སྦྱོང་དང་དགེ་རྒན་གྱི་ཉམས་མྱོང་ཡོད་མཁན་ལ་དམིགས་གསལ་དགོངས་བཞེས་གནང་རྒྱུ། འཛིན་རིམ་ལྔ་པ་ཡན་སློབ་འཁྲིད་གནང་ཐུབ་པ་དགོས། ༢༽ འབྲིང་རིམ་དབྱིན་ཡིག་དགེ་རྒན་གྱི་ཤེས་ཚད་དུ་དབྱིན་ཡིག་འཛིན་རིམ་《B.A.Bcom.Bsc》འམ་བཅོ་ལྔ་ཐོན་པའི་ཕྱག་འཁྱེར་ཡོད་པ་དགོས་རྒྱུ། གལ་ཏེ་གོང་གསལ་ཕྱག་འཁྱེར་ཐོག་དགེ་རྒན་འོས་སྦྱོང་དང་དགེ་རྒན་གྱི་ཉམས་མྱོང་ཡོད་མཁན་ལ་དམིགས་གསལ་དགོངས་བཞེས་གནང་རྒྱུ། འཛིན་རིམ་ལྔ་པ་ཡན་སློབ་འཁྲིད་གནང་ཐུབ་པ་དགོས། ༣༽བལ་ཡིག་དགེ་རྒན་གྱི་ཤེས་ཚད་དུ་བལ་ཡིག་འཛིན་རིམ་བཅིས་ཐོན་པའི་ཕྱག་འཁྱེར་ཡོད་པ་དགོས་རྒྱུ། དགེ་རྒན་གྱི་ཉམས་མྱོང་ཡོད་མཁན་ལ་དམིགས་གསལ་དགོངས་བཞེས་གནང་རྒྱུ། འཛིན་རིམ་གསུམ་པ་ཡན་སློབ་འཁྲིད་གནང་ཐུབ་པ་དགོས། ༤༽ སྨན་ཁང་ཚད་ལྡན་གང་རུང་ནས་ནད་རིགས་གང་ཡང་མེད་པའི་གཟུགས་གཞི་བདེ་ཐང་ཡིན་པའི་ངེས་སྦྱོར་དགོས། ༥༽ ཚོགས་པ་གཞན་དུ་ཕྱག་ལས་གནང་མུས་ཡིན་ཚེ་དེ་ནས་གོང་གསལ་ས་མིག་ཐོག་ཕྱག་ལས་གནང་རྒྱུར་དགག་བྱ་མེད་པའི་ངོས་སྦྱོར་དགོས། ༦༽… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    མཐོ་སློབ་བོད་དགེའི་ས་མིག
    ཟླ་བ་ ༢ ཚེས ༢༩ ༢༠༡༢
     
    ༄༅། །ཤེས་རིག་ལས་ཁུངས་དང་ཝ་ཎ་མཐོ་སློབ་གཉིས་ཟུང་འབྲེལ་ཐོག་ཧི་མ་ཅལ་མངའ་ཁོངས་ཀུ་ལུ་བྷུན་ཏར་དུ་དགེ་འོས་སློབ་ཁང་ཞིག་གསར་འཛུགས་གནང་རྒྱུ་དང་། སློབ་ཁང་དེར་ཐོག་མའི་ཆར་སློབ་ཕྲུག་ ༥༠ བསྡུ་བཞེས་དང་འབྲེལ་མཐོ་རིམ་རིག་གནས་རབ་འབྱམས་དང་འབྲིང་རིམ་དགེ་འོས་(Integrated B.A.B.Ed/B.Sc.B.Ed)ཀྱི་སློབ་སྦྱོང་སྤྲོད་རྒྱུ། བོད་ཀྱི་སྐད་ཡིག་རིག་གནས་སློབ་ཁྲིད་གནང་མཁན་དགེ་རྒན་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་ལོ་ ༢ རིང་ཆོད་གན་ཐོག་བསྐོ་བཞག་བྱ་རྒྱུའི་ཞིབ་ཕྲའི་ཆ་རྐྱེན་གཤམ་གསལ། དང་པོ། བོད་ཡིག་དགེ་རྒན། ཀ༽ བོད་ཡིག་ཐོག་ཉུང་མཐར་མཐོ་རིམ་གཙུག་ལག་རབ་འབྱམས་པའམ་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    དགེ་རྒན་འོས་སྦྱོང་སློབ་བསྡུའི་གསལ་བསྒྲགས།
    ཟླ་བ་ ༢ ཚེས ༢༩ ༢༠༡༢
     
    ༄༅། །བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་འཛིན་རིམ་བཅུ་གཉིས་སློབ་ཐོན་ཁོངས་ནས་ཚན་རིག་སྡེ་ཚན་གྱི་སློབ་ཕྲུག་ ༢༥ དང་། སྒྱུ་རྩལ་སྡེ་ཚན་གྱི་སློབ་ཕྲུག་ ༢༥ བཅས་ལ་བྷུན་ཏར་དགེ་འོས་སློབ་ཁང་དུ་ལོ་བཞིའི་ཡུན་ཅན་གྱི་གཅིག་བསྡུས་འབྲིང་རིམ་དགེ་རྒན་འོས་སྦྱོང་ཞིག་གོ་སྒྲིག་ཞུ་གཏན་འཁེལ་བས་གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༠ འགྱངས་མེད་ཞུ་སྙན་འབུལ་དགོས། དགོས་ངེས་ཆ་རྐྱེན། ༡། འཛིན་རིམ་ ༡༢ རྒྱལ་ཡོངས་ཡིག་རྒྱུགས་ནང་ཉུང་མཐར་བརྒྱ་ཆ་ ༥༠… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༡ ཚེས ༢༤ ༢༠༡༢
     
    ༢༠༡༢ ཟླ་ ༡ ཚེས་ ༢༤ རེས་གཟའ་མིག་དམར། སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་སློབ་ཡོན་གསལ་བསྒྲགས། དང་པོ། ངོ་སྤྲོད། ཉམས་ཞིབ་ཀྱི་སློབ་ཡོན་ལས་རིམ་འདིའི་སྔར་ཡོད་སྒྲིག་གཞིར་དུས་འབྲེལ་དགོས་ངེས་བསྐྱར་ཞིབ་ཀྱི་བྱེད་སྒོ་ཟིན་ཏེ། འདི་ལོ་ནས་བཟུང་སླར་ཡང་མུ་མཐུད་བྱ་རྒྱུ་ཡིན་ན། ཆ་རྐྱེན་ཚང་ཞིང་མོས་བློ་ཡོད་མཁན་ཚོས་ཕྱི་ལོ་༢༠༡༢ ཟླ་ ༤ ཚེས་ ༣༠ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འཚང་སྙན་འབྱོར་བ་བྱ་དགོས། སློབ་ཡོན་ལས་རིམ་འདིའི་བརྒྱུད་རིམ་དང་ཞིབ་ཕྲའི་ནང་དོན་གཤམ་གསལ། གཉིས་པ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༡༢ ལོའི་ཤེས་རིག་སྨན་པའི་སློབ་སྦྱོང་(MBBS) དང་བཟོ་སྐྲུན་རིག་གནས་(Engg.) གཉིས་ཀྱི་ཚུད་རྒྱུགས་གསལ་བསྒྲགས།
    ཟླ་བ་ ༡ ཚེས ༡༨ ༢༠༡༢
     
    ༄༅། །རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་སྡེ་གཞུང་གཉིས་ནས་ལོ་ལྟར་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཆེད་སྨན་པའི་སློབ་སྦྱོང་ (MBBS) དང༌། བཟོ་སྐྲུན་རིག་གནས་ (Engineering) སློབ་སྦྱོང་ཆེད་དམིགས་བསལ་ཟུར་བཅད་ཞབས་སྟེགས་ཁག་ཅིག་ཐོབ་མུས་ལྟར་ཕྱི་ལོ་ ༢༠༡༢ ལོར་འཛིན་རིམ་བཅུ་གཉིས་འཐོན་རྒྱུའི་ཁོངས་ནས་གཤམ་གསལ་ཟུར་བཅད་ཞབས་སྟེགས་ཁག་གི་ཆེད་འགྲན་ཞུགས་བྱ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༢ ལོའི་ཤེས་རིག་ཚུད་རྒྱུགས་ (DoE MBBS/Engg. Entrance Test) ནང་འཛུལ་ཞུགས་ཆོག་པའི་གསལ་བསྒྲགས་བྱ་རྒྱུར། ཀ༽ སྨན་པའི་སློབ་སྦྱོང་ (MBBS)… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བལ་ཡུལ་ནང་བསྐྱོད་སྐབས་ཡུལ་མི་སྤྱི་མཚུངས་ལས་གནམ་གྲུའི་གླ་འབབ་འཕར་མ་སྤྲོད་མི་དགོས་པའི་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༡༦ ༢༠༡༡
     
    ༄༅། །འདི་གར་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༠ ཉིན་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན་ལྟར་ན། བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། འཇམ་དབྱངས་བཟོད་པ་ལགས་གཉིས་བལ་ཡུལ་ཁུལ་གྱི་བོད་མིའི་གཞིས་ཆགས་དང་སྒྲིག་འཛུགས་ཁག་ལ་འཚམས་གཟིགས་གྲུབ་རྗེས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༡ ཉིན་རྒྱ་གར་དུ་ཕྱིར་ལོག་ཕེབས་སྐབས་བལ་ཡུལ་ཀ་ཐ་མན་གྲུ་གནམ་ཐང་ནས་བལ་ཡུལ་ (Bhadrapur) རྦ་རྡར་སྤུར་བར་གནམ་ཐོག་བསྐྱོད་རྒྱུའི་(Budha Air)རྦུ་རྡ་གནམ་གྲུའི་ལག་འཁྱེར་ཡོད་ཀྱང་བལ་ཡུལ་གནམ་ཐང་ནང་བསྐྱོད་སྐབས་དེ་གའི་གནམ་གྲུའི་ལས་བྱེད་ནས་འཇམ་དབྱངས་བཟོད་པ་ལགས་སུ་རྒྱ་གར་གཞུང་གི་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་ཀྱི་ཟློས་གར་ཚོགས་པའི་ལས་ཁུངས་ཀྱི་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༡༥ ༢༠༡༡
     
    དུས་དབང་སྐབས་བོད་ཀྱི་ཐུས་མིན་རིག་གཞུང་ངོ་སྤྲོད་དང་ཁྱབ་སྤེལ། ༅༅། གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པའི་སྐབས་ཆོས་ཞུ་བ་རྣམས་ཀྱི་མིག་ལམ་དུ་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་ངོ་སྤྲོད་དང་ཁྱབ་སྤེལ་བྱེད་རྒྱུའི་གོ་སྐལ་དུ་ལེན་ཏེ་བོད་ཀྱི་ཟློས་གར་ཚོགས་པ་ནས་ལྷ་མོའི་སྒྱུ་རྩལ་དང་། རྐང་བྲོ་གླུ་གཞས་སོགས་ཉིན་གྲངས་བདུན་རིང་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ། དུས་ཚིགས། ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་སྔ་དྲོའི་ཕྱག་ཚོད་ ༩།༣༠ ནས་ ༤།༣༠ བར་ལྷ་གཞུང་སྣང་ས་འོད་འབུམ་ཉིན་འཁྱོངས་གཟིགས་འབུལ་ཞུ་རྒྱ། ཕྱག་འཁྱེར་དགོས་གལ་མེད། ཕྱི་ཟླ་ ༡༢… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ༅༅། ཕྱི་ལོ་ ༢༠༢༡ ལོའི་ཨ་རི་སྦེ་རི་ཡ་མཐོ་སློབ་ (Berea College, US) སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༥ ༢༠༡༡
     
    ༅༅། ཨ་རིང་སྦེ་ཡ་མཐོ་སློབ་ནས་ཕྱི་ལོ་ ༡༩༩༡ ནས་བཟུང་སྐྱབས་བཅོལ་བོད་ཕྲུག་གི་ཆེད་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་གནང་དང་གནང་མུས་ཡིན་ཞིང་། ཕྱི་ལོ་ ༢༠༠༣ བར་གོ་སྐབས་དེའི་སྔོན་འགྲོའི་འདེམས་སྒྲུག་འདི་ག་ཤེས་རིག་ལས་ཁུངས་བརྒྱུད་གནང་ལམ་བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༠༤ ནས་བཟུང་སྔོན་འགྲོའི་འདེམས་སྒྲུག་བཅས་པའི་བྱེད་སྒོ་ཆ་ཚང་སྦེ་རི་ཡ་མཐོ་སློབ་རང་ནས་ཐད་ཀར་གནང་རྒྱུ་དང་། ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གོ་སྐབས་དེའི་ཁྱབ་བསྒྲགས་ཙམ་ཞིག་བྱ་རྒྱུར་ཐག་གཅོད་བྱུང་དོན་བཞིན་ད་ལམ་གསལ་བསྒྲགས་བྱ་རྒྱུར། གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་ཅིང་སྐྱབས་བཅོལ་བོད་རིགས་བསྙོན་མེད་ཡིན་པའི་སློབ་ཕྲུག་ཕོ་མོའི་ཁྲོད་ནས་གོང་གསལ་སློབ་སྦྱོང་གོ་སྐབས་ལ་འགྲན་ཞུགས་བྱ་བློ་ཡོད་རིགས་ཚོས་སྦེ་རི་ཡ་མཐོ་སློབ་ལ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༥ ནང་ཚུད་སྙན་ཞུ་ཐད་འབུལ་དགོས་རྒྱུ་དང་། སྙན་ཞུ་དང་མཉམ་དུ་གཤམ་གསལ་ཡིག་ཆ་ཁག་ངེས་པར་ལྷན་སྦྱར་དགོས་རྒྱུ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།
    ཟླ་བ་ ༡༢ ཚེས ༣ ༢༠༡༡
     
    སླར་ཡང་བོད་མི་ཞིག་གིས་རྒྱ་དམར་གྱི་གདུག་རྩུབ་བཟོད་མ་ཐུབ་ནས་སྐུ་ལུས་ཞུགས་མེར་སྒྲོན་པ། ༄༅། །དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གཏོགས་པ་ཁམས་ཆབ་མདོ་ཀརྨ་ཤང་ གི་ཉེ་འགྲམ་གྱིང་ཐང་ཞེས་པའི་གྲོང་སྡེ་ནས་ཡིན་པ་སྐུ་ཞབས་བསྟན་འཛིན་ཕུན་ཚོགས་ ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་ཀརྨ་ཤང་དུ་རང་ལུས་ཞུགས་མེར་ཕུལ་ཏེ་རྒྱ་དམར་གཞུང་ལ་ངོ་རྒོལ་གནང་སྐབས་ རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གསོན་དཀའ་བའི་གནས་སུ་གྱུར་ཡོད་འདུག སྐབས་དེར་ཁོང་གིས་ཡིག་ཆ་འདྲ་མིན་གཏོར་འགྲེམས་དང་འབྲེལ་སྐད་འབོད་གནང་འདུག ཡིག་ཆ་དེ་དག་གི་ནང་དོན་དང་། སྐད་འབོད་གང་ཞིག་བརྒྱབས་མིན་ད་ལྟའི་ཆར་གསལ་རྟོགས་མི་འདུག ཁོང་ནི་ཆབ་མདོ་ཀརྨ་དགོན་པར་གྲྭ་པ་གནང་མྱོང་བ་ཞིག་ཡིན་འདུག སྐུ་ལུས་ལ་ཞུགས་མེ་མཆེད་བཞིན་པའི་སྐབས་རྒྱ་གཞུང་ཉེན་རྟོག་པས་མེ་བསད་དེ་ཆབ་ མདོ་དམག་མིའི་སྨན་ཁང་ཞིག་ཏུ་འཁྱེར་འདུག་ཀྱང་། ནང་མི་གཉེན་ཉེ་སོགས་མི་གཅིག་ཀྱང་ཐུག་འཕྲད་བྱེད་དུ་བཅུག་གི་མེད་གནས་འདུག… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༡༡ ལོའི་རྡོང་རྒུག་གཙུག་ལག་སློབ་ཁང་གི་སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༥ ༢༠༡༡
     
    ༄༅། །ལྷོ་ཀོ་རི་ཡའི་རྡོང་རྒུག་གཙུག་ལག་སློབ་ཁང་ནས་ (Dongguk University, South Korea)  བོད་མི་སྐྱབས་བཅོལ་བ་སེར་སྐྱ་ཕོ་མོ་ཁྱད་མེད་ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པ་ ༧ ལ་ལོ་གཅིག་རིང་ཀོ་རི་ཡའི་སྐད་ཡིག་སྦྱོང་བརྡར་དང་། སྐད་ཡིག་གི་རྨང་གཞི་ཚད་ལྡན་བྱུང་ན་མུ་མཐུད་ལོ་བཞིའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཆེད་སློབ་ཡོན་གནང་རྒྱུའི་ཞལ་བཞེས་བྱུང་། སློབ་ཡོན་འདི་བཞིན་ཀོ་རི་ཡ་དང་བོད་མིའི་དབར་ཆོས་རིག་གི་འབྲེལ་བ་གོང་མཐོར་གཏོང་རྒྱུ་དང་། ཡང་སྒོས་བོད་མིའི་ཁྲོད་ཀོ་རི་ཡའི་སྐད་ཡིག་ཐོག་ལོ་ཙཱ་བ་ཚད་ལྡན་གསོ་སྐྱོང་ཐུབ་སླད་ཡིན་པས། སློབ་ཡོན་ས་མིག་ ༧ ནས་ ༣ གྲྭ་བཙུན་ལ་འབུལ་རྒྱུ་ཡིན། དེར་བརྟེན། རྒྱ་བལ་འབྲུག་གསུམ་ནང་ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པ་བཙན་བྱོལ་བོད་མི་སྐྱབས་བཅོལ་བ་དོན་གཉེར་ཅན་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཡུ་རོབ་ལྷན་ཚོགས་  (EMEA) ཀྱི་སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༢ ༢༠༡༡
     
    ༢༠༡༡ ཟླ་ ༡༡ ཚེས་ ༢ སློབ་ཡོན་གྱི་རྒྱབ་ལྗོངས་དང་དམིགས་ཡུལ། ༄༅། །ཝར་སོ་གཙུག་ལག་སློབ་གཉེར་ཁང ་(University of Warsaw, Poland) ནས་གནས་ཚུལ་འབྱོར་གསལ་ལྟར། ཡུ་རོབ་ལྷན་ཚོགས་ཀྱི་ལས་གཞི་ Erasmus Mundus Europe Asia Lot… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཚོགས་བརྡ་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༡༤ ༢༠༡༡
     
    ༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༤ རེས་གཟའ་སྤེན་པ་བར་ལས་དུས་ཉིན་གྲངས་བཅུའི་རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག སྤྱི་འཐུས་རྣམ་པས་ཕྱི་ཟླ་ ༣… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༡༢ ལོའི་ཨ་རི་སྦེ་རི་ཡ་མཐོ་སློབ་(Berea College, US) སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༡༣ ༢༠༡༡
     
    ༢༠༡༡ ཟླ་ ༡༠ ཚེས་ ༡༣ རེས་གཟའ་ཕུར་བུ། ༄༅། །ཨ་རི་སྦེ་རི་ཡ་མཐོ་སློབ་ནས་ཕྱི་ལོ་ ༡༩༩༡ ནས་བཟུང་སྐྱབས་བཅོལ་བོད་ཕྲུག་གི་ཆེད་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་གནང་དང་གནང་མུས་ཡིན་ཞིང་། ཕྱི་ལོ་ ༢༠༠༣ བར་གོ་སྐབས་དེའི་སྔོན་འགྲོའི་འདེམས་སྒྲུག་འདི་ག་ཤེས་རིག་ལས་ཁུངས་བརྒྱུད་གནང་ལམ་བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༠༤ ནས་བཟུང་སྔོན་འགྲོའི་འདེམས་སྒྲུག་བཅས་པའི་བྱེད་སྒོ་ཆ་ཚང་སྦེ་རི་ཡ་མཐོ་སློབ་རང་ནས་ཐད་ཀར་གནང་རྒྱུ་དང་། ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གོ་སྐབས་དེའི་ཁྱབ་བསྒྲགས་ཙམ་ཞིག་བྱ་རྒྱུར་ཐག་གཅོད་བྱུང་དོན་བཞིན་ད་ལམ་གསལ་བསྒྲགས་བྱ་རྒྱུར། གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་ཅིང་སྐྱབས་བཅོལ་བོད་རིགས་བསྙོན་མེད་ཡིན་པའི་སློབ་ཕྲུག་ཕོ་མོའི་ཁྲོད་ནས་གོང་གསལ་སློབ་སྦྱོང་གོ་སྐབས་ལ་འགྲན་ཞུགས་བྱ་བློ་ཡོད་རིགས་ཚོས་སྦེ་རི་ཡ་མཐོ་སློབ་ལ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༢… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༡༢ ༢༠༡༡
     
    ༄༅། །རང་གཞུང་ཤེས་རིག་ལས་ཁུངས་ཆེད་དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ལས་བྱེད་གཉིས་ཁྱད་ལས་པའི་ངོ་བོར་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཞབས་ཞུ་མུ་མཐུད་ཞུ་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས། ས་མིག ཀ༽ དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་བོད་ཡིག་ཤེས་ཡོན་རྟོགས་ཞིབ་པ། (Tibetan EO) ཁ༽ དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་མདུན་ལམ་སློབ་སྟོན་པ། (Resident Counselor) ཀ༽ བོད་ཡིག་ཤེས་ཡོན་རྟོགས་ཞིབ་པའི་ (Education Officer for Tibetan) དགོས་མཁོའི་ཆ་རྐྱེན།… རྒྱས་པ་འདིར་གཟིགས་རོགས་གནང་།