༢༠༡༤ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པ་དང་། ལྷག་པར་དུ་བོད་དང་རྒྱ་ནག་དང་འབྲེལ་བའི་གནད་དོན་གང་ཡང་རུང་བའི་ཐོག་ཉམས་ཞིབ་གནང་མཁན་ལས་བྱེད་གྲངས་གསུམ་དགོས་གལ་འདུག་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཉམས་ཞིབ་པའི་ལས་ཞབས་ཞུ་འདོད་ཡོད་མཁན་རྣམས་ནས་འདི་ལས་སུ་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༥ འགྱངས་མེད་སྙན་ཞུ་འདི་གར་གནང་འབྱོར་ཐུབ་པ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༡ ལ།།
ཀ༽ གདན་ཞུས་ཉམས་ཞིབ་པ། (Visiting Fellow)
ས་མིག་གྲངས། གཅིག
དུས་ཡུན། ཟླ་བ་དྲུག (༢༠༡༥།༡།༡༥ ནས་ ༢༠༡༥།༧།༡༥)
ཤེས་ཚད། འབུམ་རམ་པའི་ལག་ཁྱེར་ཡོད་པ། (Ph.D)
ཟླ་ཕོགས། སྒོར་ ༡༧༤༦༠།༠༠
ཁ༽ ཉམས་ཞིབ་པ།
ས་མིག་གྲངས། གཅིག
དུས་ཡུན། ཟླ་བ་དྲུག (༢༠༡༥།༡།༡༥ ནས་ ༢༠༡༥།༧།༡༥)
ཤེས་ཚད། བོད་ཡིག་དང་། རྒྱ་ཡིག ཨིན་ཡིག་གང་རུང་ནང་ཉམས་ཞིབ་ཀྱིས་རྩོམ་ཡིག་ཚད་ལྡན་འབྲི་ཐུབ་པ་དང་སྐད་ཡིག་ཕན་ཚུན་ཡིག་སྒྱུར་ཐུབ་པ་དགོས་ཐོག ཉུང་མཐར་ལོ་ལྔའི་རིང་ཉམས་ཞིབ་བྱས་པའི་ངོས་སྦྱོར་དང་གྲུབ་འབྲས་སྟོན་རྒྱུ་ཡོད་པ་དགོས་རྒྱུ།
ཟླ་ཕོགས། སྒོར་ ༢༠༡༢༨།༠༠
ག༽ གདན་ཞུས་ཉམས་ཞིབ་པ། (Visiting Fellow)
ས་མིག་གྲངས། གཅིག
དུས་ཡུན། ཟླ་བ་དྲུག (༢༠༡༥།༡།༡༥ ནས་ ༢༠༡༥།༧།༡༥)
ཤེས་ཚད། ཉེ་བའི་འབུམ་རམ་པའི་ལག་ཁྱེར་ཡོད་པ། (M. Phil) སློབ་སྦྱོང་བྱེད་མུས་ཡིན་པའི་ཐོག་གཙུག་ལག་སློབ་གཉེར་ཁང་དུ་དེབ་སྐྱེལ་ཟིན་པའི་ལག་ཁྱེར་ཡོད་པ།
ཟླ་ཕཽགས། སྒོར་ ༡༥༠༠༠།༠༠
སྤྱིར་བཏང་དགོས་མཁོའི་ཆ་རྐྱེན།
༡། བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་དང་། རང་བདེན་ཚོགས་ཆུང་ནས་དཔྱ་དངུལ་གཙང་འབུལ་ཟིན་པའི་ངོས་སྦྱོར།
༢། རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་དེབ་ (RC) ངོ་བཤུས།
༣། ཕྱི་ལུགས་དང་བོད་ལུགས་ཚད་ལྡན་སྨན་པ་གང་རུང་ནས་གཟུགས་བབས་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༤། ཤེས་ཚད་སོགས་ལག་ཁྱེར་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་གྱི་གནས་རིམ་ཅན་ནས་དག་མཆན་དགོས་པ།
༥། སྤྱི་སྒེར་སྡེ་ཚན་གང་རུང་ནང་ཕྱག་ལས་གནང་མུས་ཡིན་ཚེ། ལས་ཡུལ་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས་པ།
༦། PAN Card ངོ་བཤུས།
ཐུགས་སྣང་།
༡། ཁོར་ཡུག་དང་། (Environment) ཆབ་སྲིད་ཚན་རིག (Political Science) རྒྱལ་སྤྱིའི་འབྲེལ་ལམ། (International Relations) རྒྱ་ནག་དང་འབྲེལ་བའི་སློབ་སྦྱོང་ (Chinese Studies) བོད་དང་བཙན་བྱོལ་སྤྱི་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་བཅས་གང་རུང་ཐོག་འབུམ་རམ་དང་། ཉེ་བའི་འབུམ་རམ་ཐོན་པའི་ལག་ཁྱེར་ཡོད་རིགས་ལ་འདེམ་སྒྲུག་གོ་སྐབས་བཟང་བ་ཡོད།
༢། སྡེ་ཚན་ཁ་པའི་ཉམས་ཞིབ་པ་དང་། སྡེ་ཚན་ཀ་པའི་གདན་ཞུས་ཉམས་ཞིབ་པ་འབུམ་རམ་པའི་ལག་ཁྱེར་ལྡན་པ་རྣམས་ནས་སོ་སོའི་དཔྱད་རྩོམ་དང་འབྲེལ་བའི་དོན་གནད་ཐོག་ངག་རྒྱུགས་འབུལ་དགོས།
༣། སྡེ་ཚན་ག་པའི་གདན་ཞུས་ཉམས་ཞིབ་པ་ཉེ་བའི་འབུམ་རམ་པའི་ལག་ཁྱེར་ལྡན་པ་རྣམས་ནས་སོ་སོའི་དཔྱད་རྩོམ་གྱི་བརྗོད་གཞིའི་ཐོག་ཤོག་གྲངས་ ༥ ཙམ་གྱི་རྩོམ་ཡིག་འབྲི་རྒྱུ་དང་། དེ་འབྲེལ་ངག་རྒྱུགས་ཀྱང་འབུལ་དགོས།
འཚང་སྙན་འབུལ་ཡུལ།
Director
Tibet Policy Institute
Central Tibetan Administratin
Gangchen Kyishong
Dharamsala-176215
Distt. Kangra, H.P.
Telephone: 01892-222403/223556
Email: [email protected]