༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་ནས་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་འཕྲིན་ལས་ཀུན་ཕན་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༣ ཟླ་ ༠༢ ཚེས་ ༢༨ ཉིན་སྤོག་ར་གློ་སྒྲིག་ས་གནས་འཐུས་ཚོགས་སྐབས་ ༡༡ པའི་ཚོགས་གཙོ་ཚབ་གསར་ཚེ་རིང་སྲི་བརྟན་ལགས་བདམས་ཐོན་གྱིས་འཕྲལ་སེལ་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གནས་ཚུལ་དུ། །
གསར་གནས།
འབྲེལ་གནས།