༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༠༢ ཚེས་ ༠༨ ཉིན་མོན་གྷོ་འདོད་རྒུ་གླིང་ས་ གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ ཁོངས་ཞི་བ་འཚོ་མི་མང་དཔེ་མཛོད་ ཁང་ནས་བོད་ཁྱིམ་སློབ་གྲྭའི་ཨིན་ ཡིག་རྒྱུས་སྟོན་པ་རྒན་བསྟན་འཛི ན་དཔལ་མོ་ལགས་ཆེད་འབོད་ཀྱིས་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉི ས་བར་གྱི་ཕྲུ་གུའི་ཕ་མ་རྣམས་ལ་བྱིས་པའི་ ཀློག་རྩལ་ཡར་རྒྱས་ཇི་ལྟར་གཏོང་ སྟངས་སྐོར་གསུང་བཤད་ཀྱི་ལས་རིམ་ ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ས་གནས་འགོ་འཛིན་ལྷག་པ་སྒྲོ ལ་མ་ལགས་ཀྱིས་ཐེངས་འདིའི་གསུང་བཤད་ལས་རིམ་གོ་ སྒྲིག་ཞུ་དགོས་པའི་དམིགས་ཡུལ་ དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་ དང་། དེ་ནས་རྒན་བསྟན་འཛིན་དཔལ་མོ་ ལགས་ཀྱིས་གཞིས་གྲོང་དང་པོ་ནས་ལྔ་ པའི་སློབ་མའི་ཕ་མ་དང་། ཕྱེད་ཡོལ་ཆུ་ཚོད་ ༢།༡༥ ཐོག་གཞིས་གྲོང་དྲུག་པ་ནས་བཅུ་ པའི་སློབ་མའི་ཕ་མར་སྐད་ཤུགས་ཆེ ན་པོས་དཔེ་ཀློག་གནང་སྟངས་དང་དེ འི་དགེ་མཚན་དང་། ཁྱིམ་ཚང་དུ་དཔེ་ཀློག་གི་ཁོར་ཡུ ག་སྐྲུན་སྟངས་སོགས་ཀྱི་སྐོར་ལམ་ སྟོན་གནང་བར་ཕ་མ་ཚོའང་ཐུགས་སྣང་ ཆེན་པོས་གསན་འཇོག་གནང་སོང་། དཔེ་མཛོད་དོ་དམ་པ་བདེ་སྐྱིད་ ལགས་ཀྱིས་རྒན་བསྟན་འཛིན་དཔལ་མོ་ ལགས་དང་། གསུང་བཤད་ལ་ཕེབས་པའི་ཕ་མ་ཚོར་ཐུ གས་རྗེ་ཆེ་ཞུས་གྲུབ་པ་དང་བསྟུན་ ལས་རིམ་གང་ལེགས་བྱུང་ཡོད་པ་བཅས། །