ཟླ་བ་ ༧ ཚེས ༢༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༡ རེས་གཟའ་མིག་དམར།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་བོད་མིའི་གཞིས་ཆགས་དང། ཁྱབ་ཁོངས་ལ་ཁན་ལྦ་ལ། ཁེ་ར་གཞི་གྲོང། ཧར་པ་སྤུར། ཧ་རི་སྤུར་། སེ་ལ་ཁུལ། སྦ་ལུ་ལྦ་ལ་བཅས་ཀྱི་ནང་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་མུས་ཡིན།

འདི་གཞིས་ས་གནས་སུ་དྭང་བླངས་ཚོགས་མི་ ༢༡ ལས་གྲུབ་པའི་ཚོགས་ཆུང་ནས་རེས་གཟའ་མིག་དམར་ནམ་ཡིན་ལ་འདི་གའི་རྒན་གསོ་ཁང་དང་། གོང་དཀར་ཚེ་སྒྲུབ་ལྷ་ཁང།  སྨན་ཁང་། ཡིག་ཚང། མགྲོན་ཁང། གཞིས་གྲོང་ཀ།ཁ། ག གཞུང་ལམ་ཆེ་ཁག  དེ་བཞིན་སྦ་ལུ་ལྦ་ལ། ཁེ་ར་གཞིས་གྲོང། གོང་དཀར་ཆོས་སྡེ་དགོན་པ།  བོད་མི་ཁ་འཐོར་གནས་སྡོད་བཅས་ལ་ནད་འབུ་གཙང་སེལ་ལས་གཞི་ཞུས་དང་ཞུ་མུས་ཡིན།

ས་གནས་འཕྲོད་ལས་མ་རྣམས་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཉེན་སྲུང་ཡོ་ཆས་མཐུན་འགྱུར་དང་། དེ་བཞིན་གཞིས་མི་མང་ཚོགས་ལ་ཁ་རས་བགོ་འགྲེམས་ཞུས་ཡོད། ས་གནས་ཀྱི་སྤྱི་པའི་འགོག་དབྱེ་ཟུར་བཀག་ཆེད་དགོས་མཁོའི་ཡོ་ཆས་ཁག་མཁོ་སྒྲུབ་ཞུས་ཐུབ་པ་བྱུང་ཡོད།

ས་གནས་གཞུང་གི་ནད་ཡམས་སྔོན་འགོག་ལམ་སྟོན་ལྟར་དམར་རྟགས་ཅན་གྱི་ས་ཁུལ་ནས་འབྱོར་བ་ཁག་སྤྱི་པའི་འགོག་དབྱེ་ཟུར་འཇོག་ནང་ཉིན་གྲངས་ ༡༤ བཞུགས་མུས་དང་།  དེ་བཞིན་ས་རྟགས་ལྗང་ཁུ་དང་སེར་པོ་ནས་འབྱོར་བ་རྣམས་རང་ཁྱིམ་དུ་ཟུར་སྡོད་བཅས་ཀྱི་ལས་གཞི་འགྲོ་མུས་ཡིན། ས་གནས་སུ་རང་ལོ་ ༦༥ ཡན་སོན་པ་གྲངས་ ༡༡༨ ལ་ལུས་ཟུང་གསོ་བྱེད་གསོལ་སྨན་ཁུངས་འགྲེམས་ཞུས་ཡོད།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཁ་ཐོར་མི་མང་ཁྲོད་ནས་ལས་ཀ་ཤོར་བ་དང་ཁང་གླ་དཀའ་ངལ་ཡོད་རིགས་ལ་ད་རེས་ཐེངས་གཅིག་རིང་ངལ་སེལ་གུན་སྐྱོབ་གནང་རྒྱུ་ལས་གཞིའི་ཁོངས་ཁྱབ་ཁོངས་ཁ་འཐོར་མི་གྲངས་ ལ་ས་གནས་ནས་རྒྱབ་གཉེར་ཞུས་དོན་བཞིན་རོགས་དངུལ་སྒོར་ ,༠༠༠ རེར་བསྡོམས་སྒོར་ ༤༠,༠༠༠ གནང་སོན་བཞིན་ཁུངས་འགྲེམས་ཞུས་ཡོད་པ་བཅས། །