ཟླ་བ་ ༧ ཚེས ༡༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༡ རེས་གཟའ་སྤེན་པ། 

༄༅། །ཕྱི་ལོ་༢༠༢༠ ཟླ་ ༧ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་བཅོ་ལྔ་སྤེལ་ཡོད། སྐབས་དེར་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།

གསལ་བསྒྲགས་ནང་དོན་དོན་ཚན་དང་པོ་འཛམ་གླིང་ཁྱོན་ཡོངས་ནང་གནས་སྟངས། གཉིས་པ། བྱེ་བྲག་རྒྱ་བལ་འབྲུག་གསུམ་གཙོས་བཙན་བྱོལ་བོད་མིའི་ནང་གནས་སྟངས། གསུམ་པ། ཚོགས་ཆུང་གི་གྲུབ་ཐོན། བཞི་པ། ཐུགས་སྣང་དོགས་སེལ་བཅས།

དང་པོ། འཛམ་གླིང་ཁྱོན་ཡོངས་ནང་ད་ལྟའི་གནས་སྟངས།

ཁྱོན་ད་བར་ནད་གཞི་ཕོག་པ་གྲངས།  ༡༡༦༦༩༢༥༩ ༼ས་ཡ་བཅུ་གཅིག་དང་དྲུག་འབུམ་དྲུག་ཁྲི་དགུ་སྟོང་ཉིས་བརྒྱ་ལྔ་བཅུ་ང་དགུ།༽

ནད་པ་འདས་གྲོངས་སོང་བའི་གྲངས། ༥༣༩༩༠༦ ༼ལྔ་འབུམ་སུམ་ཁྲི་དགུ་སྟོང་དགུ་བརྒྱ་བཅུ་མེད་དྲུག༽

གནས་ཚུལ་ཁུངས་བཅོལ། https://www.who.int/emergencies/diseases/novel-coronavirus-2019 Last update: 8 July 2020, 05:30 GMT+5:30

གཉིས་པ། བྱེ་བྲག་རྒྱ་བལ་འབྲུག་གསུམ་གཙོས་བཙན་བྱོལ་བོད་མིའི་ནང་གནས་སྟངས།

༢།༡ རྒྱ་གར་ནང་གི་གནས་སྟངས།

ཁྱོན་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས། ༧༦༧༢༩༦ ༼བདུན་འབུམ་དྲུག་ཁྲི་བདུན་སྟོང་ཉིས་བརྒྱ་དགུ་བཅུ་གོ་དྲུག༽

དྲག་སྐྱེད་བྱུང་བ་གྲངས།༤༧༦༣༧༧ ༼བཞི་འབུམ་བདུན་ཁྲི་དྲུག་སྟོང་སུམ་བརྒྱ་དོན་བདུན།༽

ནད་པ་འདས་གྲོངས་སོང་བ་གྲངས། ༢༡༡༢༩ ༼ཉིས་ཁྲི་ཆིག་སྟོང་ཆིག་བརྒྱ་ཉི་ཤུ་རྩ་དགུ།༽

ད་ལྟ་ནད་མཉར་བཞིན་པ་གྲངས། ༢༦༩༧༨༩ ༼ཉིས་འབུམ་དྲུག་ཁྲི་དགུ་སྟོང་བདུན་བརྒྱ་བརྒྱད་ཅུ་གྱ་དགུ།༽ 

མངའ་སྡེ་གྲངས་ཇི་ཙམ་ལ་ཁྱབ་གདལ་སོང་བའི་གྲངས། ༣༥ ༼སུམ་ཅུ་སོ་ལྔ་༽

གནས་ཚུལ་ཁུངས་བཅོལ། https://www.mohfw.gov.in/  as on: 09 July 2020, 08:00 IST (GMT+5:30)

བོད་མི་འདུས་སྡོད་ཆེ་སའི་མངའ་ཁུལ་གྱི་གནས་སྟངས་ཞུ་ན།

ཧི་མཱ་ཅལ། ༢༥༧  (Himachal – Total Cases -1101, Death- 11, Recovered-833, Active-257)

ལྡི་ལི།༢༣༤༥༢ ལྷོ་ཕྱོགས་ཀར་ཎ་ཊ་ཀ ༡༦༥༣༡ ཨོ་ཌི་ཤ། ༡༩༣༨ ལ་དྭགས། ༢༠༤  བཅས་རྒྱ་གར་ནང་ཚབས་ཆེ་ཤོས་ ༡།  མཱ་ཧཱ་རས་ཏྲ་ – ༩༡༠༨༤ ༢། ལྡི་ལི།༢༣༥༤༢  ༣། ལྷོ་ཕྱོགས་ཀར་ཎ་ཊ་ཀ ༡༦༥༣༡ ༤། ཏ་མིལ་ནཱ་ཌུ། – ༤༦༤༨༣  ༥། ཏེ་ལངྒ་གཱ་ན། ༡༡༩༣༣ བཅས་ད་ལྟ་ནད་གཞི་རྩད་གཅོད་བྱུང་ཞིང་ནད་མནར་བཞིིན་པའི་གྲངས། 

གནས་ཚུལ་ཁུངས་བཅོལ། https://www.mygov.in/corona-data/covid19-statewise-status as on : 02 July 2020, 08:00 IST (GMT+5:30)

ནད་གཞི་ཡོད་མེད་བརྟག་དཔྱད་མི་གྲངས། རྒྱ་གར་ནང་ཁྱོན་མི་གྲངས་༡༠༧༤༠༨༣༢༼ས་ཡ་བཅུ་དང་བདུན་འབུམ་བཞི་ཁྲི་སྟོང་མེད་བརྒྱད་བརྒྱ་སུམ་ཅུ་སོ་གཉིས། 1,07,40,832  TOTAL SAMPLES TESTED UP TO JULY 08, 2020)

ལ་ད་བར་ནད་གཞི་ཡོད་མེད་བརྟག་དཔྱད་ཟིན། འདི་ཟླའི་ཚེས་༨ ཉིན་ཁྱོན་མི་གྲངས་༢༦༧༠༦༡༼ཉིས་འབུམ་དྲུག་ཁྲི་བདུན་སྟོང་བརྒྱ་མེད་དྲུག་ཅུ་རེ་གཅིག 267061 SAMPLES TESTED ON JULY 08, 2020 བརྟག་དཔྱད་བྱས་པ། https://www.icmr.gov.in/ རྒྱ་གར་ནང་ཁྱོན་གཞུང་དང་སྒེར་གྱི་བརྟག་དཔྱད་ཁང་བསྡོམས་གྲངས་༡༡༣༢ ཡོད་འདུག ༼གཞུང་། ༨༠༥ དང་སྒེར་༣༢༧༽ https://www.icmr.gov.in/pdf/covid/labs/COVID_Testing_Labs_08072020.pdf

༢།༢ བལ་ཡུལ་ནང་གི་ཡུལ་མིའི་གནས་སྟངས།

ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༡༦༤༢༣ དྲག་སྐྱེད་བྱུང་བ། ༧༧༥༢ འདས་གྲོངས་སོང་བ། ༣༥ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༨༦༣༦ ཁྱོན་ནད་པ་བརྟག་དཔྱད་བྱས་པ་གྲངས།༢༦༦༤༥༧ བཅས་ཀྱི་གནས་སྟངས།

གནས་ཚུལ་ཁུངས་བཅོལ། https://covidnepal.org/ As on 09th July 2020, 11.00 am

༢།༣ འབྲུག་ནང་གི་ཡུལ་མིའི་གནས་སྟངས།

ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༨༠  དྲག་སྐྱེད་བྱུང་བ། ༥༥ འདས་གྲོངས་སོང་བ། ༠  ད་ལྟ་མནར་བཞིན་པ་ནད་པའི་གྲངས། ༢༥ བཅས་ཀྱི་གནས་སྟངས།

གནས་ཚུལ་ཁུངས་བཅོལ། https://www.gov.bt/covid19/    As on 09th July 2020, 11.00 am

༢།༤ བཙན་བྱོལ་བོད་མིའི་ནང་གནས་སྟངས།

བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༧ བྱུང་།

དེ་ཡང་ལ་དགས་བསོད་ནམས་གླིང་གཞིས་ཆགས་ནས་༢ ༼བུད་མེད་རང་ལོ་༢༤ རང་ལོ་༢༢༽ལ་ནད་གཞི་ཕོག་པ་རྩད་གཅོད་བྱུང་འདུག་ཅིང་ཁོང་གཉིས་ལ་དམིགས་བསལ་ནད་རྟགས་གང་ཡང་མིན་འདུག་ལ་ད་ཆ་ཀོ་ཝིཌ་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་པ། རྡ་ས་ཁུལ་ནས་མི་གྲངས་༡༼བུད་མེད་རང་ལོ་༢༧༽ ཁོང་མོར་ཡང་དམིགས་བསལ་ནད་རྟགས་མེད་ཅིང་ད་ཆ་ཀོ་ཝིཌ་སྨན་ཁང་ནང་ཡོད་པ། རྒྱ་གར་རྒྱལ་ས་ལྡི་ལི་ནས་གྲངས་༤ ༼བུད་མེད་རང་ལོ་༢༩ རང་ལོ་༢༨ རང་ལོ་༢༤ སྐྱེས་པ་རང་ལོ་༢༧༽ ཁོང་བཞི་ཀར་ནད་རྟགས་ཅུང་མངོན་པ་ལས་དམིགས་བསལ་ཛ་དྲག་གང་ཡང་མེད་པའི་གནས་ཚུལ་བརྒྱུད་ལོན་བྱུང་ཞིང་ད་ཆ་ཁོང་བཞི་ཀ་ཁང་ཁྱིམ་ཟུར་བཀག་ Home Isolation ཐོག་གནས་བཞིན་ཡོད་པ།

ད་བར་ཁྱོན་རྒྱ་གར་དང་བལ་ཡུལ་ནང་བོད་མི་གྲངས་༦༠ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་༢ ཚེ་འདས་སོང་ཡོད་པ་དང་། མི་གྲངས་༤༣ དྲག་སྐྱེད་བྱུང་ཡོད་པ་དང་། ད་ཆ་མི་གྲངས་༡༥ ནད་མནར་བཞིན་པའི་གནས་སྟངས་ཞུ། ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཕུལ་ཡས་དང་དེ་བཞིན་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པ་ནས་གནས་སྟངས་སོགས་ཞལ་པར་བརྒྱུད་རྒྱུད་ལོན་འབྲེལ་བ་གནང་བཞིན་ཡོད།

ཕྱི་རྒྱལ་གནས་བཞུགས་བོད་མིའི་གནས་སྟངས།

འདས་པའི་བདུན་ཕྲག་ནང་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁང་ནས་དེ་གའི་ས་ཁུལ་དུ་བོད་མི་ནད་གཞི་ཕོག་པའི་མིང་ཐོ་དམིགས་བསལ་འབྱོར་མེད་པས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དྲ་རྒྱའི་ཐོག་གསལ་བའི་གྲངས་ཐོ་དེ་རང་ཡིན་ཞེས་ཞུ།

གསུམ་པ། ལས་དོན་ཚོགས་ཆུང་གི་གྲུབ་ཐོན།

འགོག་དབྱེ་ཟུར་འཇོག་གི་གྲངས་ཐོ།

འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་པ་གཞིར་བཟུང་ད་ལྟའི་ཆར་རྒྱ་གར་ནང་ས་གནས་གྲངས་༣༣ དང་བལ་ཡུལ་ནང་གི་ས་གནས་གྲངས་༣ ནང་ཁྱོན་བོད་མི་གྲངས་༩༥༢ ཏེ་མི་གྲངས་༥༤༡ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་མི་གྲངས་༤༡༡ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད་པའི་གནས་ཚུལ་ཞུ། དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་༨༤ ཡོད་འདུག

དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་ལས་རིམ།

རྡ་ས་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་སོ་སོས་འགན་འཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་༡༨༨༣ ༼སྒྲིག་འཛུགས་ལས་བྱེད་གྲངས་༥༢༤ རྡ་ས་ས་གནས་འགོ་འཛིན་ནས་མི་གྲངས་༤༡༣ གནས་ཆུང་གྲ་ཚང་།༨༠ དགའ་གདོང་གྲ་ཚང་།༡༣ བོད་ཀྱི་དཔེ་མཛོད་ཁང་། ༥༡ བོད་ཀྱི་སྨན་རྩིས་ཁང་།༦༣༩ སམ་བྷོ་ཊའི་ལས་སློབ།༡༠༡ གངས་སྐྱིད་ཁུང་ལོ་ན་བགྲེས་པ་སོགས་ཉེན་ཚབས་ཆེ་བའི་མི་གྲངས་༦༢ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོ་སྟེ་བོད་མིའི་སྒྲིག་འཛུགས་གི་ལས་ཁུངས་སོ་སོ་དང་། དེ་བཞིན་གངས་སྐྱིད་དཔེ་མཛོད་ཁང་དང་། བོད་ཀྱི་སྨན་རྩིས་ཁང་། གནས་ཆུང་དང་དགའ་གདོང་གྲྭ་ཚང་སོགས་ཚོགས་སྡེ་སོ་སོའི་ལས་བྱེད་ཀྱིས་འགན་འཁྱེར་བའི་ཐོག་ཚ་བ་ཡོད་མེད་སོགས་བརྟག་དཔྱད་གནང་ཞིང་དམིགས་བསལ་ནད་རྟགས་ཐོན་པ་བྱུང་མེད།

བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་༣༥ ཁྱོན་མི་གྲངས་༧༤༢༠ ལ་ (ལོ་ན་༦༠ ཡན་མི་གྲངས་ ༥༧༩༢ ཉེན་ཚབས་ཆེ་བ་མི་གྲངས་༡༦༢༨) ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་བོད་མི་ནད་གཞི་ཕོག་པ་རྣམས་ཀྱི་གྲངས་ཐོ་དང་ཡིག་ཆ་ཁག་བཅས་མཁོ་སྒྲུབ་གནང་བཞིན་ཡོད།

གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་བ།

རྒྱ་གར་ནང་གི་ས་གནས་ཁག་༢༣ ནང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་༡༡༣༥ དང་ས་གནས་ཁག་༣༩ ནང་ལོ་ན་༦༥ ཡན་བོད་མི་གྲངས་༧༩༣༢ ལ་ད་བར་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་བགོ་འགྲེམས་གནང་ཟིན་འདུག བལ་ཡུལ་ཁུལ་དུ་གྲངས་༡༢༣༢ ཕྱི་རྒྱལ་དུ་བཏང་ཟིན་པ་བསྡོམས་༥༣༠ གཞན་ཡང་འཕྲོད་ལས་པ་དང་དངས་ཞབས་གྲངས་༢༤༡ བླ་གཉན་ནད་གཞི་ཡོད་པ་མི་གྲངས་༧༤ བཅས་ཁྱོན་ད་བར་མི་གྲངས་༡༡༡༤༤ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་ཕུལ་ཟིན།

དྲ་ཐོག་ཟབ་སྦྱོང་། ཏོག་དབྱིབས་གཉན་རིམས་༡༩ ཁྱབ་གདལ་ཆེ་ཆེར་འགྲོ་བའི་དུས་ཚོད་འདིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དེ་གི་ཁྱབ་ཁོངས་སྨན་ཁང་ནང་ཕྱག་ལས་གནང་མཁན་ཆེད་ལས་སྨན་པ་དང་སྨན་ཞབས། འཕྲོད་ལས་པ་དང་འཛིན་སྐྱོང་འགན་འཛིན་དང་དངས་ཞབས་བཅས་ཁྱོན་བོད་མིའི་འདུས་སྡོད་ས་གནས་ཁག་༢༡ ནང་ཡོད་པའི་འཕྲོད་ལས་པ་བསྡོམས་མི་གྲངས་༡༢༧ ༼སྨན་པ།༩ སྨན་ཞབས།༦༥ འཕྲོད་ལས་པ།༡༣ སོའི་སྨན་པ་དང་སྨན་ཁག་འགན་འཛིན་སོགས་གཞན་མི་གྲངས།༡༩ དངས་ཞབས་གྲངས།༢༡༽ ལ་དྲ་ལམ་་ཐོག་ནས་ཏོག་དབྱིབས་གཉན་རིམས་༡༩ དང་འབྲེལ་བའི་ཐོག་ཟབ་སྦྱོང་རིམ་པ་གསུམ་པ་དེ་གནང་ཟིན། ཟབ་འཁྲིད་གནང་མཁན་ཨ་རིར་གནས་བཞུགས་ཕྱི་ལུགས་སྨན་པ་ཐུབ་བསྟན་རྒྱལ་མཚན་ལགས་དང་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་བཅས།

ས་གནས་ལ་ནད་ཡམས་སྔོན་འགོག་ཆེད་ལས་དོན་སྤེལ་བ།

  • འདི་ག་དབུས་ལས་ནས་ལམ་སྟོན་གནང་བ་བཞིན་བོད་མིའི་གཞིས་ཆགས་ཁག་སོ་སོའི་རྫོང་དེ་ཚོན་མདོག་དམར་རྟགས་ཅན་ནང་ཚུད་པ་རྣམས་ནས་བདུན་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད།
  • བདུན་ཕྲག་འདིའི་ནང་རྡ་ས་ཁུལ་དུ་ཕྱི་མི་འབྱོར་བ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༢༣ ལ་རྫོང་གི་སྨན་ཁང་གྱི་མཐུན་འགྱུར་འོག་ནད་གཞི་ཡོད་མེད་བརྟག་དཔྱད་བྱས་པས་མི་གྲངས་༢༣ སུ་ལའང་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ཡོད། 
  • སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བོད་མིའི་གཞིས་ཆགས་གྲངས་༣༠ ནང་འགོག་དབྱེ་ཟུར་འཇོག་དུ་བཞུགས་མཁན་མི་གྲངས་༧༢༢ ལས་མི་གྲངས་༥༨༠ ལ་ཁ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་རྒྱུད་ལོན་དང་སློབ་གསོ་ལམ་སྟོན་གནང་ཡོད་པ་དང་དེ་བཞིན་ནད་གཞི་ཕོག་པའི་མི་གྲངས་གཉིས་མ་གཏོགས་གཞན་ཚང་མར་ཞལ་པར་བརྒྱུད་འབྲེལ་འདྲིས་གནང་ཐུབ་པ་བྱུང་།
  • འཕྲོད་བསྟེན་སློབ་གསོ་ཚན་པའི་ངོས་ནས་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་༡༩ ཐོག་སྤྱི་ཚོགས་ཀྱི་བལྟ་ཕྱོགས་ངན་པ་མ་ཡོང་བའི་ཐབས་ལམ་དང་དེར་གདོང་ལེན་བྱེད་ཕྱོགས་ཐོག་བརྙན་ཐུང་བོད་བསྒྱུར་ཞུས་ནས་འབྲེལ་ཡོད་དྲ་རྒྱའི་ནང་འདོན་སྤེལ་ཟིན་པ།

བཞི་པ། ཐུགས་སྣང་དོགས་སེལ།

  • ནད་པ་དྲག་སྐྱེད་སོང་རྗེས་ཁྱིམ་དུ་ཕྱིར་ལོག་རྗེས་རང་ཁྱིམ་དུ་ཉིན་གྲངས་༧་་༡༤ བར་ཟུར་བཀག་ཏུ་བཞུགས་
  • དགོས་ཀྱི་ཡོད་པ་རྣམས་བཞུགས་གལ་ཆེ་བ་དང་། དྲག་སྐྱེད་སོང་བའི་མི་རྣམས་ལ་མི་མང་ནས་དབྱེ་འབྱེད་མ་གནང་རོགས་ཕན་གནང་།
  • ནད་ཡམས་སྔོན་འགོག་ལས་དོན་ལ་རྒོལ་མཁན་སྨན་པ་དང་སྨན་ཞབས། འཕྲོད་ལས་པ། གཙང་བཟོ་བ་དང་དངས་བླངས་ལས་མི། དེ་བཞིན་ཟུར་བཀག་གཟིགས་རྟོགས་ལས་མི་རྣམས་ལ་དབྱེ་འབྱེད་དང་གཟིགས་སྟངས་ངན་པའི་རིགས་མ་གནང་རྒྱུའི་རེ་སྐུལ།
  • རྒྱ་གར་དབུས་འཕྲོད་བསྟེན་དང་ཁྱིམ་ཚང་ལྟ་སྐྱོང་ཚན་པ་ནས་བདུན་ཕྲག་འདིའི་ནང་ལམ་སྟོན་སྤེལ་བ་ཁག

https://www.mohfw.gov.in/pdf/UpdatedClinicalManagementProtocolforCOVID19dated03072020.pdf https://www.mohfw.gov.in/pdf/MentalHealthIssuesCOVID19NIMHANS.pdf

  • དེའི་རྗེས་འཕྲོད་བསྟེན་དྲུང་འཕར་དང་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་མི་མང་ནང་དོགས་པ་ཁག་ཅིག་འདུག་པ་དེ་སེལ་སླད་ཕྱི་ལུགས་སྨན་པས་གསལ་བཤད་གནང་ཡོད།

དེ་ཡང་ཁ་རས་ཡུན་རིང་གྱོན་ན་སྲོག་འཛིན་རླུང་ Oxygen དེ་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་དང་དེ་བཞིན་དབུགས་གཏོང་ལེན་ཐད་དཀའ་ངལ་ཡོད་པའི་སྐོར་དོགས་འདྲི་ཞུས་པའི་ལན་དུ། ཕྱི་ལུགས་སྨན་པས། དེ་ཡང་ཁ་རས་ལ་ཁྱད་པར་ཡོད། ཁ་རས་དེ་ནི་ཇ་ལ་ཛ་བཙག་རྒྱག་པ་བཞིན་ནད་འབུ་སོགས་བཙག་པའམ་བཀག་ནས་དབུགས་གཙང་མ་སྲོག་འཛིན་རླུང་དེ་གཏོང་ལེན་ཐུབ་ཀྱི་ཡོད་པས་གལ་ཏེ་མི་སོ་སོར་དབུགས་གཏོངལེན་ཐད་དཀའ་ངལ་མེད་ན་སྲོག་འཛིན་རླུང་རག་ཡས་ཉུང་དུ་འགྲོ་ཡས་དེ་འདྲའི་དམིགས་བསལ་ཉེན་ཁ་མེད། འོན་ཀྱང་གཟབ་གཟབ་བྱེད་དགོས་ཡས་དེ་བྱིས་པ་ལོ་ཆུང་དང་ནད་གཞིའི་རྐྱེན་གྱིས་དབུགས་གཏོང་ལེན་དཀའ་བའི་མི་རྣམས་ནས་གཟབ་གཟབ་གནང་དགོས་པ་ཡིན།

  • ཏོག་དབྱིབས་གཉན་རིམས་༡༩ དེ་མཁའ་རླུང་བརྒྱུད་ནས་ཁྱབ་གདལ་འགྲོ་ཡོད་པའི་སྐོར། རྩ་བའི་ན་ཚ་འདི་མཆིལ་མའི་རྡུལ་ཕྲན་ Droplets བརྒྱུད་ནས་འགོས་ཀྱི་ཡོད་པ་ཡོངས་གྲགས་གཏན་འཁེལ་རེད། ད་ཆ་ཉམས་ཞིབ་པ་མང་པོ་ཅིག་གིས་མཁའ་རླུང་བརྒྱུད་ནས་ཡོང་གི་ཡོད་པ་གསུངས་ཀྱི་འདུག་ཀྱང་གཏན་འཁེལ་དེ་འདྲ་གང་ཡང་མིན་འདུག རྩ་བའི་མི་མང་འདུ་ཚོགས་དེ་འདྲའི་ནང་སྐད་ཤུགས་ཆེན་པོ་རྒྱག་པ་དེ་འདྲ་འབྱུང་ཚེ་དེའི་སྐབས་མཁའ་རླུང་བརྒྱུད་ནས་ནད་འབུ་འགོས་སྲིད་པ་རེད། འོན་ཀྱང་ད་ལྟའི་ཆར་གཏན་འཁེལ་བ་དེ་ནད་འབུ་དེ་མཆིལ་མའི་རྡུལ་ཕྲན་བརྒྱུད་འགོས་ཀྱི་ཡོད་པ་རེད་ཅེས་གསུངས།
  • དྲི་བ་གསུམ་པ་དེ་བོད་མིའི་སྤྱི་ཚོགས་ནང་དུ་ནད་རྟགས་གང་ཡང་མེད་ཀྱང་ནད་འབུ་འགོས་པའི་བརྟག་དཔྱད་གྲུབ་འབྲས་ཐོན་དུས་ཁག་ཅིག་གིས་དེའི་ཐོག་ཐུགས་དོགས་གནང་མཁན་འདུག་ཐད། སྨན་པའི་ངོས་ནས་གསུངས་དོན། རྩ་བའི་གཉན་རིམས་འདི་ཕོག་པའི་ནང་ནས་དཔེར་ན་ཨ་རིའི་ནང་ཡིན་ན་ནད་རྟགས་མ་ཐོན་པའི་ནད་པ་དེ་བརྒྱ་ཆ་༤༠ ཙམ་དང་རྒྱ་གར་རྒྱལ་ས་ལྡི་ལི་ནང་ལ་ཡིན་ན་ནད་རྟགས་མེད་པ་དེ་བརྒྱ་ཆ་༧༠་་་༨༠ ནང་ཡིན་པ་གསུངས་ཀྱི་འདུག དེ་ཡིན་དུས་བོད་རིགས་ནང་ལའང་ནད་གཞི་འགོས་ཡོད་ཀྱང་ནད་རྟགས་དམིགས་བསལ་མེད་དུས་བརྟག་དཔྱད་ནོར་ཡིན་པའི་ཐུགས་དོགས་གནང་མཁན་ཡང་འདུག་པས་དེ་ནད་གཞིའི་ངོ་བོ་དེ་ནད་གཞི་ཕོག་པ་གང་ཞིག་ནད་རྟགས་ཚབས་ཆེན་མ་ཕོག་པ་དང་མང་པོ་ཞིག་རང་བཞིན་གྱིས་དྲག་བསྐྱེད་འགྲོ་ཡི་ཡོད་པ་དངོས་བདེནབདེན་གནས་སྟངས་དེ་འདྲ་རེད་ཅེས་གསུངས།
  • ཡང་ཁག་ཅིག་གིས་ནད་འབུ་ཡོད་པ་གང་ཞིག་ནད་རྟགས་མེད་པའི་ནད་པ་དེས་མི་གཞན་ལ་ནད་འགོཐུབ་ཀྱི་མེད་པ་གསུངས་ཐད། དེ་ནི་བདེན་པ་མིན་ཞིང་རྩ་བའི་ནད་རྟགས་ཡོད་པ་ལས་ནད་རྟགས་མེད་པ་རྣམས་ཀྱིས་ནད་འགོ་ཁྱབ་ཉུང་བ་ཡོད་སྲིད། འོན་ཀྱང་དེའི་ཐོག་ཉམས་ཞིབ་དམིགས་བསལ་གནང་མེད་པས་དེས་འགོ་ཐུབ་ཀྱི་མ་རེད་ཅེས་ཞུ་ཐུབ་དཀའ། དེ་ཡིན་དུས་མང་ཚོགས་ནས་གཞུང་འབྲེལ་དྲ་རྒྱའི་ཐོག་སྔོན་འགོག་ཐབས་ལམ་བསྟན་པ་རྣམས་ངེས་པར་བསྟེན་དགོས་པའི་འབོད་སྐུལ་ཞུས་གནང་།
  • མཐའ་དོན་འཕྲོད་བསྟེན་དྲུང་འཕར་མཆོག་ནས་སླར་ཡང་མང་ཚོགས་ལ་རང་དོན་དང་ལྷག་པར་སྤྱི་དོན་ལ་དམིགས་ནས་ད་ལན་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་མི་ཚང་མ་་སོ་སོའི་ངོས་ནས་གཟབ་གཟབ་གནང་རྒྱུ་གལ་ཆེ། དེ་མིན་ལྷོད་གཡེང་རྣམ་གཡེང་སོང་ཚེ་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་པས་ཚང་མས་གཟབ་གཟབ་དང་སྔོན་འགོག་ཐབས་ལམ་རྣམས་བསྟེན་དགོས་པའི་དྲན་སྐུལ་སླར་ཞུས་པ་བཅས་གསར་འགོད་ཐེངས་ ༡༥ པ་དེ་མཇུག་སྒྲིལ་གནང་ཡོད། །