གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༤ ནས་བལ་ཡུལ་དབུས་གཞུང་གིས་རྒྱལ་ཡོངས་སྒོ་རྒྱ་བསྡམས་འགོ་ཚུགས་པར་བརྟེན། དེ་མཚུངས་ཀྱི་འདི་ཁུལ་བོད་མི་རྣམས་ཁྲིམས་རང་སྲུང་ཐོག་ཕྱིར་ཐོན་མ་དགོས་པར་རང་ཁྱིམ་དུ་སྡོད་དགོས་པའི་གསལ་བསྒྲགས་ནན་ཏན་ཞུས་ཡོད།

བལ་ཡུལ་དོན་གཅོད་ཀྱིས་གཙོས་ས་གནས་འགོ་འཛིན་དང་། གནད་ཡོད་མི་སྣ་ལས་གྲུབ་པའི་ཏོག་དབྱིབས་སྔོན་འགོག་ཆེས་མཐོའི་ལས་དོན་ཚོགས་ཆུང་ཆེད་འཛུགས་ཀྱིས་བདུན་རེའི་རེས་གཟའ་ལྷག་པ་ནམ་ཡིན་ལ་དྲྭ་ཐོག་བརྒྱུད་ཚོགས་འདུ་འཚོགས་མུས་ཡོད་པ་དེར་མཉམ་ཞུགས་དང་། ས་གནས་ཀྱི་གནས་སྟངས་ཚོགས་ཐོག་དུ་སྙན་གསན་ཞུས་དང་ཞུ་མུས་ཡིན། འདི་གའི་ས་གནས་ཤར་ཁུམ་བདེ་ལེགས་གླིང་དང་། ཝ་ལུང་བསམ་འཕེལ་གླིང་། རྫ་རོང་ཐུབ་བསྟན་ཆོས་གླིང་དགོན་བཅས་ཀྱི་ཆེད་ཉེན་སྲུང་ཡོ་ཆས་ཁག་གངས་ཅན་བདེ་རྩ་ནས་མཐུན་འགྱུར་གནང་ཡོད། 

གཞན་ཡང་བལ་ཡུལ་གངས་ཅན་བདེ་རྩ་ནས་ཁ་རས་གྲངས་ ༨༠༠ དང་།  Help Tibet རོགས་ཚོགས་ནས་ཁ་རས་གྲངས་ ༦༠ བཅས་གནང་སོན་བྱུང་བ་བཞིན་མི་མང་ལ་བགོས་འགྲེམས་ཟིན། འདི་གའི་ཁྱབ་ཁོངས་ས་ཁག་གསུམ་ནང་གི་རང་ལོ་ ༦༥ ཡན་སོན་པ་མི་གྲངས་ ༦༢ ལ་ས་གནས་སྨན་རྩིས་ཁང་ནས་ལུས་སེམས་གསོ་བྱེད་གསོལ་སྨན་གནང་སོན་ལྟར། འདི་ནས་དོ་བདག་སོ་སོར་བགོས་འགྲེམས་འཐུས་ཚང་ཞུས་པར་ཕན་ཐོགས་ཅི་ཆེ་བྱུང་ཡོད།

འདི་གའི་ཁྱབ་ཁོངས་ཤར་ཁུམ་རྫ་རོང་ཐུབ་བསྟན་ཆོས་གླིང་དགོན་དང་ཤར་ཁུམ་བདེ་གླིང་གཞིས་ཆགས་གཉིས་སུ་ཚོགས་བཀག་འགོག་དབྱེ་ཟུར་འཇོག་ཁང་གཉིས་གོ་སྒྲིག་ཞུས་ཐུབ་པ་བྱུང་ཡོད། ད་བར་ཤར་ཝ་ར་གསུམ་མཐའ་མཚམས་བོད་མིའི་གཞིས་ཆགས་ནང་རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམས་འགོས་པའི་ནད་པ་གཅིག་ཀྱང་བྱུང་མེད། དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་དང་ས་གནས་སྤྱི་སྒེར་རོགས་ཚོགས་ཁག་ནས་ངལ་སེལ་རོགས་སྐྱོར་སྒོར་ ༢,༡༦༠,༦༠༠ ཐམ་པ་གནང་སོན་བྱུང་བ་ལྟར་བགོ་འགྲེམས་ཇི་ཞུས་གནས་སྟངས། 

 

S.No. Donor Amount  (Nrs.) Objective of fund No. of beneficiaries
1 DoH, CTA 360,000 Nrs.8000 each as Covid-19 emergency support 45 
2 DoE, CTA 84,800 Covid 19 emergency support to Nyamthak “C” students.  22 
3 PRM 19,200 Food security ration worth Nrs.9600 each to disable person
4 PRM 412,800 Food security ration worth Nrs.9600 each to Nyamthak B and D category. 43
5 PRM 1,108,800 Food security stipend (cash) Nrs.14,400 each for elders. 77
6 Kopan monastery Ration Food security (Kind) 15 
7 UNHCR through SLF 95,000 Quarantine centre
8 UNHCR through SLF 80,000 Food security ration (kind) 18 
Total NRs.2,160,600 222