ཟླ་བ་ ༦ ཚེས ༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ རེས་གཟའ་ཟླ་བ། 

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། མ་ན་ལི་ཁྱབ་ཁོངས་གཞིས་མི། དགོན་སྡེ་ཁག པ་ཀུལ་ནང་ཡོད་གཞིས་མི་ ༧༤ བཅས་སོ་སོའི་ཁྱིམ་ཚང་དུ་ཆེད་བཅར་གྱིས་གཟུགས་གཞི་གནས་སྟངས་འདྲི་རྩད་དང་། ཚ་བ་བརྟག་དཔྱད། འཕྲོད་བསྟེན་སློབ་གསོ་བཅས་ཞུས་ཐུབ་པ་བྱུང་ཡོད། 

ས་གནས་མངའ་གཞུང་རྫོང་སྨན་ཁང་གི་  Medical Superintendent Dr. Neena Lal དང་མཇལ་འཕྲད་ཀྱིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་རྫོང་གི་སྨན་ཁང་ནས་མཐུན་འགྱུར་དང་སློབ་སྟོན་ཡོང་བའི་རེ་སྐུལ་ཞུས།

འདི་གའི་ཁྱབ་ཁོངས་དགོན་སྡེ་དང་། སློབ་གྲྭ ཡན་ལག་སྨན་རྩིས་ཁང་། ལས་བྱེད། གཞིས་སྒར་ཁག་གི་མི་མང་བཅས་ནས་རྒྱ་གར་རྫོང་ལས་ཁུངས་སུ་བློ་བཅད་ཞལ་འདེབས་སྒོར་ ༡༤༢,༠༠༠ ཕུལ་ཐུབ་པ་བྱུང་ཡོད་པ་དང་། གཞན་ཡང་ District COVID-19 first response unit སྡེ་ཚན་གྱི་སྨན་པ་ Dr. Priyanka མཆོག་མཇལ་འཕྲད་ཀྱིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་ལམ་སྟོན་ཞུས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཟའ་བཅའ་མཐུན་འགྱུར་སྤྲོད་དམིགས་བཀའ་འཁྲོལ་ཁོངས་ནས་གཞིས་མི་འཁོས་ཞན་གྲངས་ ༡༤ དང་འགྲུལ་བཞུད་འགག་པའི་འགྲུལ་མི་གྲངས་ ༢ བཅས་ཁྱོན་མི་གྲངས་ ༡༦  ལ་སྒོར་ ༢༠,༣༨༠ འབབ་ཀྱི་བཟའ་བཅའ་མཐུན་འགྱུར་ཞུས་ཡོད་བཅས། །

  •  
  •  
  •  
  •  
  •