ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༠ རེས་གཟའ་སྤེན་པ།

༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།

སྡེ་ཚན་དང་པོ།

ཕྱི་དྲིལ་འགྲེམས་སྟོན་ལས་རིག་བཀོད་སྒྲིག་པ་ (Program Manager) ཁྱད་ལས་དྲུང་གཞོན་ས་མིག་ ༡ ཆེད་དགོས་ངེས་ ཆ་རྐྱེན།
༡༽ ལས་འགན། ཕྱི་དྲིལ་འགྲེམས་སྟོན་ཚན་པར་འགྲེམས་སྟོན་ལས་རིམ་བཀོད་སྒྲིག་པ་ (Program Manager) དང་། རྒྱལ་སྤྱིའི་འགྲེམས་སྟོན་ཁང་ཁག་ལ་འབྲེལ་མཐུད་དང་། དུས་དང་བསྟུན་འགྲེམས་སྟོན་ཁང་གི་ལས་དོན་ཁག་ཐོག་ཁྱད་ལས་པ་དང་རོགས་ཚོགས་ཁག་ལ་འབྲེལ་ལམ་གྱིས་སྤྱི་ཡོངས་ཡར་རྒྱས་གཏོང་རྒྱུ། འགྲེམས་སྟོན་གསར་པའི་ནང་གློག་ཀླད་ (Digital Production) ལམ་ནས་བོད་དོན་གོ་རྟོགས་སྤེལ་རྒྱུ།
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་ MBA ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༣༽ ཉམས་མྱོང་། ལོ ༤ ལས་ཀའི་ཉམས་མྱོང་དགོས་པ། (ཉམས་མྱོང་དེ་བཞིན་ཞོར་ལས་མིན་པར་ལས་དུས་ཆ་ཚང་ (full time) ཡིན་པ་དགོས།)
༤༽ ལོ་ཚད། ༢༠༡༩།༠༥།༢༧ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༥༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་སློབ་ཚན་གཉིས་ཐོག་འབྲི་རྒྱུགས་སམ་ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ།

སྡེ་ཚན་གཉིས་པ།

འཕྲོད་བསྟན་ལས་ཁུངས་སུ་ (Optimal Service Model) དང་འབྲེལ་བའི་ལས་དོན་ཆེད་ཁྱད་ལས་དྲུང་ལས་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན།

༡༽ ལས་འགན། ནད་རིག་སྔོན་འགོག་དང་འབྲེལ་བའི་ལས་གཞི་ཁག་ལ་རྟོག་ཞིབ་དང་། སྨན་བཅོས་ཞབས་ཞུ་བཟང་ཤོས་ཀྱི་དཔེ་དོན་ལས་འཆར་ (Optimal Service Model) དང་འབྲེལ་བའི་ལས་དོན་ཁག་ལག་བསྟར་དང་དུས་ནས་དུས་སུ་རྟོག་ཞིབ་དང་ཞིབ་འཇུག་བྱ་རྒྱུ།
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་ཚོང་འབྲེལ་སློབ་ཐོན་སྟེང་འཕྲོད་བསྟེན་དང་འབྲེལ་བའི་ལས་དོན་ཡོད་པ་ MBA (Healthcare Management) ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༣༽ ཉམས་མྱོང་། འཕྲོད་བསྟེན་ལས་གཞིའི་འཛིན་སྐྱོང་ཐོག་ལོ་ ༢ ལས་ཀའི་ཉམས་མྱོང་དགོས་པ། (ཉམས་མྱོང་དེ་བཞིན་ཞོར་ལས་མིན་པར་ལས་དུས་ཆ་ཚང་ (full time) ཡིན་པ་དགོས།)
༤༽ ལོ་ཚད། ༢༠༡༩།༠༥།༢༧ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།

༥༽ རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག་སློབ་ཚན་གཉིས་ཐོག་འབྲི་རྒྱུགས་སམ་ངག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གནང་རྒྱུ།

སྡེ་ཚན་གསུམ་པ།

ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་ཀམ་པཱུ་ཊར་སྡེ་ཚན་དུ་སྡེ་འགན་ཁྱད་ལས་པ་ ༢ ཀྱི་ས་མིག

ཀ༽ གྲངས་མཛོད་དང་དྲྭ་རྒྱ་བཟོ་ལས་པ་ (Database and Web Developer) ༡ ཆེད་དགོས་ངེས་ཆ་རྐྱེན།
༡༽ ལས་འགན། བོད་མིའི་སྒྲིག་འཛུགས་ཀྱི་གྲངས་མཛོད་དང་དྲྭ་རྒྱ་གསར་བཟོ་བྱ་རྒྱུ། གོང་གསལ་ལས་ཀའི་ངོ་བོ་ཆེད་ཉུང་མཐར་ WordPress, PHP and MySQL ཐོག་ལས་ཀ་བྱེད་ཐུབ་མཁན་ཞིག་དགོས།
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་གཙུག་ལག་རབ་འབྱམས་པ་ MCA/Master in Computer Science གང་རུང་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༣༽ ལོ་ཚད། ༢༠༡༩།༠༥།༢༧ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་དང་། ལག་བསྟར་བྱེད་ཕྱོགས་(Practical) ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ།

ཁ༽ གྲངས་ཐོ་དཔྱད་ཞིབ་པ་ (Data Analysis) ༡ ཆེད་དགོས་ངེས་ཆ་རྐྱེན།
༡༽ ལས་འགན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་གྲངས་ཐོ་རྣམས་ལ་དཔྱད་ཞིབ་ཞུ་རྒྱུ།
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་གཙུག་ལག་རབ་འབྱམས་པ་ MCA/Master of Computer Science (Data Science or Data Analysis) གང་རུང་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༣༽ ལོ་ཚད། ༢༠༡༩།༠༥།༢༧ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༤༽ རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་དང་། ལག་བསྟར་བྱེད་ཕྱོགས་ Practical ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ།

སྡེ་ཚན་བཞི་པ།

ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་ཀམ་པཱུ་ཊར་སྡེ་ཚན་དུ་དམིགས་བཀར་ལས་དོ་ ༡ གི་ས་མིག
ཀ༽ གྲངས་མཛོད་དང་དྲྭ་རྒྱ་བཟོ་ལས་པ་ (Database and Web Developer) ༡ ཆེད་དགོས་ངེས་ཆ་རྐྱེན
༡༽ ལས་འགན། བོད་མིའི་སྒྲིག་འཛུགས་ཀྱི་གྲངས་མཛོད་དང་དྲྭ་རྒྱ་གསར་བཟོ་བྱ་རྒྱུ། གོང་གསལ་ལས་ཀའི་ངོ་བོ་ཆེད་ཉུང་མཐར་ WordPress, PHP and MySQL ཐོག་ལས་ཀ་བྱེད་ཐུབ་མཁན་ཞིག་དགོས།
༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉུང་མཐར་ཀམ་པུ་ཀྲར་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ BCA/ B.Sc. (Computer Science) གང་རུང་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ།
༣༽ ལོ་ཚད། ༢༠༡༩།༠༥།༢༧ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།

༤༽ རྒྱུགས་གཞི། བོད་ཨིན་གཉིས་ཀྱི་འབྲི་རྒྱུགས་དང། ངག་རྒྱུགས་སྒྲིག་གསལ་ལྟར་ལེན་རྒྱུའི་ཐོག་དགོས་མཁོའི་སློབ་ཚན་ཀམ་པཱུ་ཀྲར་སྐོར་འབྲི་རྒྱུགས་དང་ལག་ལེན་བསྟར་ཕྱོགས་ Practical རྒྱུགས་ལེན་བྱ་རྒྱུ།

གོང་གསལ་ས་མིག་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་སྡེ་ཚན་བཞི་གང་རུང་གི་གནས་རིམ་གཅིག་ལ་མ་གཏོགས་སྙན་འབུལ་མི་ཆོག་པ་དང་། ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་བཏོན་སྟེ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་དང་། (One passport & one stamp size photo)
༢༽ འཛིན་རིམ་བཅུ་གཉིས་ཡན་གྱི་སློབ་ཐོན་ལག་འཁྱེར་ཆ་ཚང་དང་། གོང་གསལ་དགོས་མཁོའི་ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Card & Degree Certificate) བཅས་ཀྱི་ངོ་བཤུས།
༣༽ དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༤༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) དུས་འགྱངས་ཞུས་པའི་ངོ་བཤུས།
༥༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) ཡོད་ན་དང་། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་གྱི་ངོ་བཤུས།
༦༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༧༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༨༽ གལ་སྲིད་ད་ལྟ་སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ། ཕྱི་ལོ་ ༢༠༡༩ ཟླ ༥ ཚེས་ ༢༧ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང་། ཁ་དཔར་ཨང། གློག་འཕྲིན། (E-mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་མཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༠ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
Mobil:7018945877
E-mail:[email protected]

Share with your friends










Submit