ཟླ་བ་ ༤ ཚེས ༡༦ ༢༠༡༩

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༦ རེས་གཟའ་མིག་དམར། 

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། རང་རིགས་བོད་ཕྲུག་གཅིག་ལ་རྒྱ་གར་ནང་ལོ་གཉིས་ཀྱི་འགྲེམས་སྟོན་རིག་པའི་སློབ་སྦྱོང་བྱ་རྒྱུའི་ཆེད་སློབ་སྦྱོང་གི་དུས་ཡུན་ཆ་ཚང་རིང་སློབ་ཡོན་ཧིན་སྒོར་འབུམ་གཉིས་ ༼༢༠༠,༠༠༠ ༽  གནང་རྒྱུ་ཡིན་པས་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༣༠ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་གཤམ་གསལ་སྦྲེལ་མཐུད་ཁ་བྱང་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས།

 https://forms.gle/bsCXGRwJiK2FX8GU8

 སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡།       འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་    ༢༠༡༨ བར་གཙང་འབུལ་ཟིནཔ་དང་། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་”འགེངས་ཤོག-ཀ“པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས། ༼  འགེངས་ཤོག-ཀ  ༽ པ་འབུལ་དགོས། 

༢།       འཚང་སྙན་འབུལ་མི་རྣམས་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A. / B.Sc. / B.F.A.  བཅས་གང་རུང་ཐོན་པའམ། ལོ་གསུམ་རིང་མི་ཆོས་རིག་པའམ། སྤྱི་ཚོགས་རིག་གནས། ཚན་རིག་བཅས་ཀྱི་སློབ་ཚན་ཐོག་སློབ་སྦྱོང་ཐོན་   པ་གང་ཞིག་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༥༠ ལོན་པ་ཞིག་དགོས། ༼ ཉེ་བའི་གཙུག་ལག་རབ་འབྱམས་པའི་ཨང་ཐོབ་ལག་འཁྱེར་འབུལ་དགོས། ༽

༣།       འཚང་སྙན་འབུལ་མི་རྣམས་བྱུང་ན་སྒྱུ་རྩལ་གྱི་བྱུང་རབས་དང་། འགྲེམས་སྟོན་རིག་པའི་སློབ་སྦྱོང་གི་རྒྱབ་ལྗོངས་སམ་ཌིབ་ལོ་མའི་ལག་འཁྱེར་ཡོད་མཁན་དགོས།  ༼ ལག་འཁྱེར་ཡོད་ཚེ་ངོ་བཤུས་འབུལ་དགོས། ༽

མཆན། 

༡།       སློབ་ཕྲུག་གི་འདེམས་སྒྲུག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་གནང་རྒྱུ།

༢།       བདམས་ཐོན་བྱུང་བའི་སྙན་འབུལ་བར་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་སྣེ་རྣམས་ནས་མཐོ་སློབ་ནང་སློབ་འཇུག་ཐོབ་ཐབས་ཆེད་ལམ་སྟོན་དང་མཐུན་འགྱུར་གནང་རྒྱུ།

༣།       སློབ་སྦྱོང་ཐོན་རྗེས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཞབས་འདེགས་ཞུ་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༠༤ ཚེས་ ༡༦ ལ།།

འབྲེལ་གཏུག་ཞུ་ཡུལ།    

བསྟན་འཛིན་བཀྲ་ཤིས།

[email protected]

Department of Education, CTA

Gangchen Kyishong,

Dharamsala – 176215

District Kangra,

Himachal Pradesh,

India

Phone no. +91.01892.226695, 222572 and 222721

Website: www.sherig.org, www.lamton.org

Facebook: www.facebook.com/doe.lobyon/    

Share with your friends










Submit