ཟླ་བ་ ༤ ཚེས ༡༧ ༢༠༡༩

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པ། 

༄༅།  །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་དེང་རབས་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་སླད། རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་རིགས་སྒྱུ་རྩལ་བ་དང་སྒྱུ་རྩལ་མཁན་གསར་པ་འཐོན་བཞིན་པ་རྣམས་ལ་རམ་འདེགས་ཞུ་ཕྱིར། བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་རྩལ་ཁོ་ནའི་ལས་འཆར་ཆེད་ཧིན་སྒོར་ཁྲི་ལྔ་ནས་འབུམ་གསུམ་བར་རོགས་དངུལ་གནང་རྒྱུ་ཡིན་པས། གཤམ་གསལ་ཆ་རྐྱེན་ཚང་ཞིང་ལས་འཆར་སྤེལ་འདོད་ཡོད་རིགས་རྣམས་ནས་ཞུ་སྙན་འགེངས་ཤོག་དང་ ༼འགེངས་ཤོགལས་འཆར་དང་འཆར་རྩིས་འབུལ་ཕྱོགས་ལམ་སྟོན།༽ དགོས་མཁོའི་ཡིག་ཆ་ཁག་ཆོས་རིག་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་ངམ་སྦྲག་བརྒྱུད་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༡ འགྱངས་མེད་ཕུལ་ཟིན་པ་དགོས། 

དགོས་ངེས་ཡིག་ཆ་ཁག

  • དོ་བདག་གི་མཚན་རྟགས་འཁོད་པའི་འགེངས་ཤོག་སྙན་ཞུ།
  • བོད་ཨིན་གང་རུང་ནང་ལས་འཆར་གང་གི་ཆེད་དུ་རོགས་དངུལ་ཞུ་བཞིན་པ་དེའི་འགྲེལ་བརྗོད་ཤོག་ངོས་གསུམ་ནས་ལྔ་བར་འབུལ་དགོས། ༼ཟུར་སྣོན། ལས་འཆར་འབུལ་ཕྱོགས་ལམ་སྟོན་ལྟར་བཀང་དགོས།༽
  • ལས་འཆར་གྱི་འཆར་རྩིས། ༼ཟུར་སྣོན། འཆར་རྩིས་འགེངས་ཤོག་མ་དཔེ་ལྟར་འགོད་དགོས།༽
  • སོ་སོའི་ལས་རིགས་ཐོག་ཤེས་མྱོང་ཡོད་པའི་མི་སྣ་གསུམ་ནས་འབྲེལ་སྦྱོར་རྒྱབ་གཉེར་ཡི་གེ་འབུལ་དགོས།
  • དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༨ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས། ༼ཚོགས་པ་ཡིན་ཚེ་ཚོགས་པའི་འགན་འཛིན་གྱི་དྭང་བླངས་དཔྱ་དངུལ་ལག་དེབ་འབུལ་དགོས།༽
  • དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས། ༼ཚོགས་པ་ཡིན་ཚེ་ཚོགས་པའི་འགན་འཛིན་གྱི་དྭང་བླངས་དཔྱ་དངུལ་ལག་དེབ་འབུལ་དགོས།༽
  • བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མིའི་ངོ་སྤྲོད་ལག་འཁྱེར་ངོ་བཤུས། ༼ཚོགས་པ་ལ་དགོས་གལ་མེད།༽

འདེམས་སྒྲུག་བརྒྱ་ཆ་གནང་ཕྱོགས།

  • ལས་འཆར་གྱི་བཟོ་སྒྲིག་སྤུས་ཚད། བརྒྱ་ཆ་ ༣༠།
  • འདྲི་གླེང་།        བརྒྱ་ཆ་ ༧༠  །

འདེམས་སྒྲུག་བརྒྱུད་རིམ།

  • འདེམས་སྒྲུག་ཚོགས་ཆུང་ནས་ལས་འཆར་ཡིག་ཆ་ཁག་ལ་གཟིགས་ཞིབ།
  • དྷ་ས་ཉེ་འཁྲིས་སུ་ཡོད་པའི་སྙན་འབུལ་བ་རྣམས་ལ་ངོ་འཕྲད་འདྲི་གླེང་དང་། སྙན་འབུལ་བ་གཞན་རྣམས་ལ་ཁ་པར་བརྒྱུད་ Video calling འདྲི་གླེང་བྱ་རྒྱུ།

ཐུགས་སྣང་། གོང་འཁོད་དགོས་ངེས་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས།

ཞུ་སྙན་འབུལ་ཡུལ།

Department of Religion and Culture

Central Tibetan Administration

Gangchen Kyishong

P.O. Dharamsala -176215

Kangra District (H.P), India

Email: [email protected]

Phone: 01892-226737 / 222685

Concerned staff mobile no. 9816743672

Share with your friends










Submit