ཟླ་བ་ ༡ ཚེས ༡༦ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༦ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་མང་ཚོགས་རྣམས་ལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་ཞུགས་བྱེད་འདོད་ཡོད་ཚེ་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡ ནས་ཟླ་ ༣ ཚེས་ ༣༡ བར་གསར་དུ་ཐོ་འགོད་བྱེད་ཆོག་པའི་གསལ་བསྒྲགས་གནང་འདུག

ཕྱི་ལོ་ ༢༠༡༨་་་༡༩ ལོའི་སྨན་བཅོས་ལྟ་སྐྱོང་གི་གནས་སྟངས་མདོར་བསྡུས།

༡༽    ཚོགས་ཞུགས་མི་གྲངས་ ༢༤༣༢༡

༢༽   ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར་མི་གྲངས་ ༡༥༦༦ ལ་སྨན་བཅོས་ཁེ་ཕན་ཕུལ།

༣༽   སྨན་གྲོན་བསྡོམས་ཧིན་སྒོར་ ༡༥༣༣༨༦༦༦ འགྲོ་གྲོན་བཏང་ཐུབ་པ་བྱུང་ཡོད།

༤༽   སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ནི་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞི་ཆགས་ཁག་ ༣༦ དང་ཁ་ཐོར་ས་གནས་ཁག་ཏུ་གནས་སྡོད་བྱེད་བཞིན་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།

སྨན་བཅོས་ཁེ་ཕན་དུས་ཡུན།      ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ བར་ཡིན།

ཐོ་འགོད་ཞུ་ཡུལ།  ས་གནས་འགོ་འཛིན་ལས་ཁང་ངམ་ས་གནས་འཕྲོད་བསྟེན་སྨན་ཁང་།

བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་ཞིབ་ཕྲ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་ཚིག་ www.tibetanhealth.org ལ་གཟིགས་གནང་ཡོང་བ་ཞུ།།

Share with your friends










Submit