ཟླ་བ་ ༡ ཚེས ༡༡ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།
ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ རེས་གཟའ་པ་སངས་ཉིན་བཀའ་ཤག་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མི་རྣམས་ལ་དབྱར་ཚོང་རོགས་སྐྱོར་ལས་གཞི་དང་པོ་འགོ་འཛུགས་སྐོར་གསར་འགོད་གསལ་བསྒྲགས་གྲུབ་མཚམས་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་སྟེང་ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་འཁོད་ཡོད་སྟབས་སྤྱི་ཚོགས་ནང་བསམ་ཚུལ་ཕྲན་བུ་བྱུང་བ་ར་བརྟེན། ཐ་སྙད་དེ་བསྒྱུར་བ་བཏང་ནས་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཞེས་འབྲི་རྒྱུ་ཡིན་སྐོར་གསུང་དོན།  ལྷན་རྒྱས་ཚོ་འདིར་ཕེབས་ཡོད་སྟབས། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་སྐོར་གསལ་བཤད་ཞུ་རྒྱུ་ཡིན། ད་རེས་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ལོ་བཅུ་རེར་མཚམས་བྱེད་སྲོལ་ཡོད་པ་རེད།  

བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་དང་པོ་དེ་ཕྱི་ལོ་ ༡༩༩༨ ལོར་དང་། ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༠༨ བྱས་པ་དང་ཕྱི་ལོ་ ༢༠༠༩ ལོར་གྲུབ་འབྲས་ཐོན་པ་རེད།  ཐེངས་གསུམ་པ་དེ་ཕྱི་ལོ་ ༢༠༡༨ ལོར་བྱེད་རྒྱུའི་དུས་ཚོད་སླེབས་ཡོད། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཐེངས་གསུམ་པ་བྱེད་པའི་སྐབས་འགྱུར་བ་ཆེན་པོ་ཞིག་གང་ཕྱིན་ཡོད་ཅེ་ན། བཙན་བྱོལ་བོད་མི་ཧ་ཅང་ཉུང་དུ་ཕྱིན་ཡོད་སྟབས། བཙན་བྱོལ་ནང་བོད་མིའི་གྲངས་ཚད་སྔོན་མ་འབུམ་གཅིག་དང་ཁྲི་གཉིས་སམ་ཁྲི་ལྔ་ཡོད་རེད་ཟེར་རྒྱུ་དེ་རྩ་བ་ཉིད་ནས་གནས་ཀྱི་མེད། དེའི་བར་དུ་མི་འབོར་ཧ་ཅང་མང་པོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ཟིན་པ་རེད། དེར་བརྟེན་བཙན་བྱོལ་བོད་མིའི་་ི་འབོར་ཞིབ་བཤེར་ཇི་ལྟར་བྱེད་དགོས། ཞེས་གྲོས་བསྡུར་མང་དག་གནང་འབྲས་སུ་རྒྱ་བལ་འབྲུག་གསུམ་ནང་གནང་དགོས་རེད་ཅེས་ཕྱི་ཟླ་ ༦ ནང་ལས་གཞི་སྤེལ་ནས་གང་ཙམ་གྲུབ་ཟིན་པ་མ་ཟད། གྲངས་མཛོད་ཅིག་ཀྱང་བཟོས་ཡོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་མང་པོ་ཕེབས་ཡོད་སྟབས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་མི་འབོར་ཞིབ་བཤེར་ཇི་ལྟར་གནང་དགོས་པ་དང་། གནང་སྟངས་མི་འདྲ་བ་མ་གནང་བ་ཡིན་ན། མི་མང་པོ་ཞིག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པར་བརྟེན་བཙན་བྱོལ་བོད་མི་མི་འབོར་ཞིབ་བཤེར་ཞེས་བརྗོད་ན་མཚན་ཉིད་ཚང་གི་མི་འདུག མི་གྲངས་མ་ཚང་བ་མ་ཟད་ཆ་ལག་མ་ཚང་བ་ཡིན་ན་ཕན་ཐོགས་གང་ཡང་མི་འདུག  ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པ་ཚོར་ག་འདྲ་གནང་གི་ཡིན་ཞེས་གྲོས་བསྡུར་སྔ་རྗེས་མང་པོ་བྱུང་སོང་། ལྷག་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁག་དང་། མི་མང་གི་སྐུ་ཚབ་དང་འཐུས་མི་ཁག་དང་གྲོས་བསྡུར་གནང་བའི་སྐབས་སུ་མི་འབོར་ཞིབ་བཤེར་གནང་སྟངས་དེ་མ་འདྲ་བ་ཞིག་མ་གནང་ན་ཕྱི་རྒྱལ་དང་རྒྱ་བལ་འབྲུག་གསུམ་གྱི་གནས་སྟངས་འདྲ་ཡི་མ་རེད། འདིར་ཡོད་པའི་འགེངས་ཤོག་ནང་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དགང་རྒྱུ་ཡོད་མ་རེད། མ་འདྲ་བ་ཞིག་གནང་དགོས་རེད་ཅེས་ང་ཚོས་འགེངས་ཤོག་བཟོ་སྟངས་དང་བང་རིམ་སྒྲིག་སྟངས། ལྷག་པར་འགེངས་ཤོག་འདིར་འབྱོར་བ་དང་བཙན་བྱོལ་ནང་གི་སྐྱབས་བཅོལ་བོད་མིའི་འགེངས་ཤོག་དང་མ་བསྲེ་བའི་ཆེད་དུ་རེད། ད་ལྟ་དཀའ་ངལ་ཆེ་ཤོས་གང་ཡོད་ཅེ་ན་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་ཕྱི་རུ་ཡོད་སྐབས་ཐོ་བཀོད་པར་བརྟེན་ཉིས་ལྡབ་མང་པོ་ཡོང་གི་འདུག དེར་བརྟེན་མི་འབོར་ཞིབ་བཤེར་མཚན་ཉིད་ཚང་བ་ཞིག་ཡོང་གི་མེད་སྟབས་མིང་དང་རྣམ་གྲངས། ལས་གཞི་མི་འདྲ་བ་ཞིག་གི་ཐོག་ནས་སྤེལ་ན་ཡག་པོ་འདུག ཅེས་དེ་ལྟར་སྤེལ་བའི་སྐབས་སུ་འགེངས་ཤོག་བོད་ཡིག་ནང་ཅི་ཕྱིར་མ་བཟོ་བ་རེད་ཅེས་བརྗོད་མཁན་ཡོད་འདུག འགེངས་ཤོག་བོད་ཡིག་ནང་བཟོ་ཡོད་རེད། འགེངས་ཤོག་བོད་ཡིག་ནང་ཆ་ལག་ཚང་བ་བཟོས་ནས་མར་འགྲེམ་སྤེལ་བྱེད་པའི་སྐབས་ཁོང་ཚོས་འགེངས་ཤོག་བཀང་མཁན་ཚང་མ་གཞོན་སྐྱེས་ཡིན་སྟབས། ངེས་པར་དུ་ཨིན་ཡིག་ནང་བསྒྱུར་རོགས་ཞེས་ཞུས་པར་བརྟེན་ང་ཚོས་ཨིན་ཡིག་ནང་བསྒྱུར་བ་ཡིན། ཨིན་ཡིག་ནང་བསྒྱུར་བའི་སྐབས་འགེངས་ཤོག་མ་ནོར་བའི་ཆེད་དུ་བོད་ཡིག་ནང་ཕྱི་སྡོད་བོད་མི་མི་འབོར་ཞིབ་བཤེར་ཞེས་མིང་བཏགས་ཡོད། སྤྱི་ཚོགས་ནང་ཕྱི་སྡོད་བོད་མི་མི་འབོར་ཞིབ་བཤེར་ཞེས་པ་དེ་ཕྲན་བུ་འགྲིག་གི་མི་འདུག ཅེས་བསམ་ཚུལ་ཡོད་པ་མ་ཟད་ཚོར་བ་རྣོ་བོ་འདྲ་ཞིག་ཆགས་ཡོད་ས་རེད། ང་ཚོ་འདི་ནས་ངོས་འཛིན་བྱེད་པའི་སྐབས་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་རང་དང་ཆབ་སྲིད་ངོས་ནས་བཙན་བྱོལ་བོད་མི་ཡིན་པ་རེད། ལས་གཞི་སྤེལ་བའི་སྐབས་སྤྱི་ཁྱབ་འཆར་འགོད་པས་མ་འོངས་པར་གྲངས་ཀ་ཏག་ཏག་གནས་ཐུབ་པའི་ཆེད་དུ་བཟོས་པ་རེད། འོན་ཀྱང་དྲ་རྒྱའི་ནང་གནས་ཚུལ་ཁ་ཤས་དང་སྐུ་ཚབ་དོན་གཅོད་ཁག་ནས་ཡི་གེ་ཁ་ཤས་འབྱོར་བྱུང་། སྤྱིར་ཆབ་སྲིད་ཀྱི་གནས་སྟངས་མེད་ཀྱང་ཆབ་སྲིད་ཀྱི་ག་ནས་སྟངས་ཆགས་ཀྱི་ཡོད་ན། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཞེས་ཚིག་བསྒྱུར་ནས་ཕྱི་སྡོད་བོད་མི་མི་འབོར་ཞིབ་བཤེར་ཞེས་པའི་ཚིག་དེ་ཕྱིར་ཐེན་བྱེད་རྒྱུ་ཡིན། །

 

 

 

Share with your friends










Submit