ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །མཚུངས་མེད་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་ལྷན་རྒྱས་མཆོག་ལ།
ཆེད་ཞུ། ཉེ་ཆར་རྒྱ་གར་གྱི་མངའ་སྡེ་ཨོ་ཌི་ཤ་ཁུལ་དུ་དྲག་ཆར་རླུང་འཚུབ་ Titli ཞེས་པའི་གནོད་སྐྱོན་ཚབས་ཆེ་བཏང་ཡོད་པའི་ཁོངས་སུ་རང་རེའི་ཕུན་ཚོགས་གླིང་གཞིས་ཆགས་སུའང་དྲག་འཆར་རླུང་འཚུབ་ཤུགས་ཆེ་བསླེབས་ཏེ་ཁང་པ་དང༌། སྟོན་འབྲས་ལ་གནོད་སྐྱོན་ཚབས་ཆེ་བྱུང་ཡོད་པར་བརྟེན་ཛ་དྲག་རོགས་སྐྱོར་ཆེད་འབྲེལ་ཡོད་ནང་སྲིད་ལས་ཁུངས་ཀྱིས་ཕྱི་ནང་ཁག་ནས་རོགས་རམ་དང་རང་རིགས་བོད་མི་ནང་ཁུལ་ནས་ཞལ་འདེབས་འབོད་སྐུལ་ཞུ་བཞིན་ཡོད་པ་བཞིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པས་ཉིན་གཅིག་གི་ཕོགས་འབབ་གདུང་སེམས་མཉམ་སྐྱེད་ཀྱི་ཚུལ་དུ་ཞལ་འདེབས་འབུལ་རྒྱུ་གནང་སོང་བ་དང་ཆབས་ཅིག་སྲི་ཞུ་ལས་བྱེད་རྣམས་ནས་ཀྱང་དེ་ལྟར་དགོངས་བཞེས་གནང་གལ་འབོད་སྐུལ་གནང་རྒྱུ་གནང་སོང་ན། དེ་གའི་ཁྱབ་ཁོངས་དང་བཅས་པའི་སྲི་ཞུ་ལས་བྱེད་ཡོངས་ལ་འབོད་སྐུལ་དང་སྦྲགས་ཞལ་འདེབས་ཇི་བྱུང་ནང་སྲིད་ལས་ཁུངས་སུ་དབུས་ལས་ཁུངས་ཁག་ནས་འདི་ཟླའི་ཚེས་ ༡༠ ནང་ཚུད་དང༌། དེ་བཞིན་ཕྱོགས་མཐའི་ཁྱབ་ཁོངས་སུ་ཡོད་པའི་ལས་བྱེད་རྣམས་ཀྱི་ཞལ་འདེབས་འདི་ཟླའི་ཚེས་ ༣༠ ནང་ཚུད་འབུལ་ཐབས་དགོས་པའི་འབོད་སྐུལ་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡ ལ་ཕུལ།