ཟླ་བ་ ༡༡ ཚེས ༡༣ ༢༠༡༨
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ རེས་གཟའ་མིག་དམར།


༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༥ ཉིན་རྒྱ་གར་དབུས་གཞུང་གི་རྡོ་སྣུམ་དང་། རྫས་སྦྱོར། གྲོས་ཚོགས་ལས་དོན་བཅས་ཀྱི་བློན་ཆེན་ཟུར་པ་དང་། བོད་དོན་རྒྱབ་སྐྱོར་བ་ཞིང་གཤེགས་དམ་པ་སྐུ་ཞབས་སཱཏྱ་པར་ཀཤ་མཱ་ལ་ཝི་ཡ་ (Shri.Satya Prakash Malaviya, Former Union Minister of Petroleum,Chemical and Parliamentary Affairs) མཆོག་གི་ཆེད། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་གྲོས་ཚོགས་འོག་མའི་ཚོགས་གཞོན་གྱི་ཚོགས་ཁང་ (Dy Speaker Hall,Constitutional Club) ནང་དམ་པ་དེ་ཉིད་ཀྱི་རྗེས་དྲན་འདུ་འཛོམས་ཤིག་གོ་སྒྲིག་ཞུ་འཆར་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གདན་ཞུས་གནང་བ་ལྟར་གཞུང་འབྲེལ་ཐོག་ཆེད་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༡༤ ཉིན་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་ཕྱི་དྲོ་ཆུ་ཚོད་ ༣ པར་རྗེས་དྲན་འདུ་འཛོམས་ཐོག་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

Share with your friends










Submit