ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །འབྲུག་དང་བལ་ཡུལ་བཅས་ནས་བོད་རིགས་སློབ་ཕྲུག་རྣམས་རྒྱ་གར་ནང་སློབ་སྦྱོང་བྱེད་བཞིན་པ་དང། བོད་ནས་གསར་དུ་འབྱོར་བ་ཁག་གཅིག་ལ་སྐྱབས་བཅོལ་ལག་འཁྱེར་གྱི་དཀའ་ངལ་སེལ་ཐབས་སུ་རྒྱ་གར་དབུས་གཞུང་ལ་འབོད་བསྐུལ་ཞུས་པ་ལྟར་ཉེ་ཆར་རྒྱ་གར་དབུས་གཞུང་གིས་ས་གནས་འབྲེལ་ཡོད་ལས་ཁུངས་སོ་སོར་ཐོ་གཞུང་ནང་གསལ་བའི་བོད་མི་དེ་དག་ལ་སྐྱབས་བཅོལ་ལག་འཁྱེར་གསར་བཟོ་ཆོག་པའི་བཀའ་འཁྲོལ་བཀོད་ཁྱབ་གནང་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ ཉིན་རྡ་ས་ FRO ལས་ཁུངས་ཀྱི་ལམ་སྟོན་གཞིར་བཟུང་ཐོ་གཞུང་ནང་ཡོད་པའི་རྡ་ས་ཁུལ་གནས་སྡོད་རྣམས་ཀྱིས་དོ་བདག་སོ་སོའི་གཤམ་གསལ་ཡིག་ཆ་མཉམ་འཁྱེར་གྱིས་བདེ་སྲུང་ཡན་ལག་ལས་ཁུངས་སུ་ངོ་བཅར་ཞུས་དགོས།

 དགོས་མཁོའི་ཡིག་ཆ།

༡༽     དྭང་བླངས་དཔྱ་དངུལ་ལག་དེབ།

༢༽     ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྒྱབ་གཉེར།

༣༽     དོ་བདག་གི་ཕྱེད་དཔར་གཅིག

 

འབྲེལ་གཏུགས་ཞུ་ཡུལ།

བདེ་སྲུང་ཡན་ལག་ལས་ཁུངས།

ཁ་དཔར་ཨང། ༠༡༨༩༢-༢༢༡༥༦༠

Share with your friends










Submit