ཕྱི་ལོ ༢༠༡༨ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་ལྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་ནང་ཆོད་གན་ཐོག་ཕྱི་བཅོས་གསོ་ཐབས་པའི་ Physiotherapist ས་མིག་གཅིག་སྟོང་པ་ཡོད་ན།  རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས།

དགོས་མཁོའི་ཆ་རྐྱེན་ཁག

༡༽ དམའ་མཐར་ BPT (Bachelor of Physiotherapy) སློབ་ཐོན་ཟིན་པའི་ལག་འཁྱེར།

༢༽ དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༨ བར་གཙང་འབུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས་མཉམ་འབུལ་ཞུ་དགོས།

༣༽ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས་མཉམ་འབུལ་དགོས། 

༤༽ སྨན་ཁང་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེ་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ། 

༥༽ ད་ལྟ་སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས། 

༦༽ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར། 

༧༽ རང་ལོ་ ༤༥ ལས་མ་བརྒལ་བ།

གོང་གསལ་ཡིག་ཆ་དང་སྙན་ཞུ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༧ ཕྱི་དྲོ་ཆུ་ཚོད་ ༥ གོང་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་། གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ཁ་གསལ་བཀོད་དགོས།

གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་ལམ་འཁོད་དགོས་པ་བཅས། མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁུངས་ནས་ཕྱི་ལོ་༢༠༡༨ ཟླ་ ༥ ཚེས་ ༧ ལ།།

༼ འཚང་སྙན་འབུལ་ཡུལ།༽

Director

Ngoenga School for Tibetan Children with Special Needs

S.D. Road , P>O> Kulhan -248001

Distt. Dehradun

Uttarkhand

Email ID: [email protected], www.ngoengaschool.org

Ph: (0135) 2607688, 2607128

Share with your friends










Submit