ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༥ རེས་གཟའ་མིག་དམར།

༄༅། །བོད་ཀྱི་ཟློས་གར་ཚོགས་པའི་པར་སྐྲུན་སྡེ་ཚན་ཁྱབ་ཁོངས་སུ་བརྙན་པར་སྒྲིག་སྦྱོར་ཆེད་ལས་པ་ Graphic design & video editing ཞིག་དགོས་མཁོ་ཆེ་བས་གཤམ་གྱི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་སྙན་ཞུ་དང་ཡིག་ཆ་རྣམས་སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་གཏོང་དགོས།

ཤེས་ཚད་ཀྱི་ཆ་རྐྱེན།

༡༽ སྒྲིག་འཛུགས་ཚན་ལྡན་ནས་གློག་བརྙན་སྒྲིག་སྦྱོར་དང་། པར་གཞི། བརྐོས་རིས་ལག་རྩལ་བཅས་ཀྱི་ཇུས་འགོད་པའི་ལག་འཁྱེར་ཡོད་པ།

༢༽ ཉུང་མཐར་ལོ་གཅིག་ཡན་གྱི་བརྙན་པར་སྒྲིག་སྦྱོར་དང་པར་སྐྲུན་འཆར་འགོད་ཀྱི་ཉམས་མྱོང་ཡོད་པ།

ཚང་དགོས་པའི་ཆ་རྐྱེན་གཞན།

༡༽ བོད་མིའི་དང་བླང་དཔྱ་དངུལ་ལག་དེབ་ཀྱི་འབུལ་འབབ་གཙང་འབུལ་ཟིན་པའི་ངོ་བཤུས།

༢༽ གནས་ཡུལ་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་གི་ངོ་བཤུས།

༣༽ སྨན་ཁང་ཚད་ལྡན་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།

༤༽ ཕྱག་ལས་གནང་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།

༥༽ ཡིག་ཆའི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ་ཟུང་དྲུང་ཡན་གྱི་དག་མཆན་འཁོད་པ།

གོང་གསལ་ཆ་རྐྱེན་ཡོད་རིགས་ནས་ཕྱི་ལོ་ ༢༠༡༧ ཟླ་བ་ ༦ ཚེས་ ༡༡ འགྱངས་མེད་ཡིག་ཆ་རྣམས་གཤམ་གྱི་ཁ་བྱང་དུ་གཏོང་རྒྱུ།

འདེམས་སྒྲུག་རྗེས་ཀྱི་མཐུན་རྐྱེན།

༡༽ ཟླ་རེར་གསོལ་ཕོགས་ཧིན་སྒོར་ ༡༨༠༠༠ ནས་ ༢༠༠༠༠ བར་འབུལ་རྒྱུ།

༢༽ ལས་ཤག་གནས་རིམ་བཞིན་འབུལ་རྒྱུ་དང་ཟླ་གསུམ་ཚོད་བལྟའི་ཆོད་གན་གྱི་ངོ་བོར་བསྐོ་རྒྱུ།

Director, TIPA
Mcleod Ganj, Dharamsala -176215
Distt. Kangra (H.P)

E-mail:  [email protected]                                                                                                                      

Share with your friends










Submit