ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༦ རེས་གཟའ་ཟླ་བ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༢༠༡༤ ནས་བཟུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། ཧོན་སུར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་སྦྲེལ་ཐོག མཐོ་སློབ་སློབ་མཐར་སོན་པའི་བོད་རིགས་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཅེས་པ་ཟླ་བ་དྲུག་རིང་སྐད་ཡིག་དང་། རིགས་ལམ་མམ་མཚན་ཉིད་དང་། གཞུང་ཆེན་བཀའ་པོད་ལྔའི་སྙིང་བསྡུས་ངོ་སྤྲོད་སློབ་ཁྲིད་བྱ་རྒྱུའི་ལས་རིམ་ཞིག་ལག་བསྟར་བྱེད་མུས་ལྟར། ཟླ་དྲུག་ཟབ་ཁྲིད་ཐེངས་ལྔ་པ་དེ་ཡང་མཐོ་སློབ་ཐོན་པའི་སློབ་མ་ ༢༠ ལ་དམིགས་ནས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༣༡ བར་གོ་སྒྲིག་ཞུ་གཏན་འཁེལ་སོང་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་སློབ་གཉེར་བྱ་འདོད་ཡོད་རིགས་ནས་ཞུ་སྙན་འགེངས་ཤོག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ www.tibet.net ནས་ཕབ་ལེན་གྱིས་ཞིབ་ཕྲ་བཀང་སྟེ་གཤམ་གསལ་ཁ་བྱང་ཐོག་སྦྲག་བརྒྱུད་ཆོས་རིག་ལས་ཁུངས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༥ འགྱངས་མེད་ཞུ་སྙན་འབུལ་ཟིན་པ་དགོས།
  དགོས་ངེས་ཆ་རྐྱེན།

༡། མཐོ་རིམ་སློབ་མཐར་སོན་པའམ་སློབ་མཐར་སོན་ལ་ཉེ་བ།

༢། ལག་འཁྱེར་གྱི་ངོ་བཤུས་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། ཡང་ན་མཐོ་སློབ་ཀྱི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ།

༣། དང་བླངས་དཔྱ་དངུལ་ ༢༠༡༧ བར་གཙང་ཕུལ་ཞུས་པའི་ངོ་བཤུས་སྟེང་དག་མཆན་འཁོད་དགོས་པ།

༤། ཟླ་དྲུག་སློབ་དུས་མ་རྫོགས་བར་འཛིན་བཅར་ཞུ་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་པ།

ལམ་གྲོན་དང་བཞུགས་གནས།

ལམ་གྲོན་དང་། བཞུགས་གནས། ཞལ་ལག་སོགས་ཀྱི་མཐུན་འགྱུར་ཆ་ཚང་འབུལ་རྒྱུ།
  རྒྱུགས་སྤྲོད་དང་ལག་འཁྱེར།

སློབ་ཁྲིད་ཟིན་མཚམས་ངག་རྒྱུགས་དང་འབྲི་རྒྱུགས་གཏོང་རྒྱུ་དང་། མཇུག་བསྡོམས་མཛད་སྒོའི་སྐབས་བསླབ་པ་མཐར་སོན་གྱི་ལག་འཁྱེར་དང་རྒྱུགས་སྤྲོད་ཨང་ཤོག་སྤྲོད་རྒྱུ།
 

ཞུ་སྙན་འབུལ་ཡུལ།
The Secretary
Department of Religion and Culture, CTA
P.O. Dharamsala-176215, District Kangra, (H.P.)
Email: [email protected]
Phone: 01892-226737 / 222685
Concerned staff mobile no. 8219105370

 

Share with your friends










Submit