ཟླ་བ་ ༣ ཚེས ༡༩ ༢༠༡༨
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༨ ཟླ་ ༣ ཚེས་ ༡༩ རེས་གཟའ་ཟླ་བ།

 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༧ ནས་ ༡༨ བར་ཉིན་གྲངས་གཉིས་རིང་སུད་སི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་འཇར་མན་བོད་རིགས་མཐུན་ཚོགས་དང་ཚོགས་མི་རྣམ་པ། སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༣༠ ལྷག་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཏེ་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་འདུག

དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་དང་གྲོས་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་རྒྱུ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཡིན་པ་ནན་བརྗོད་གནང་བ་མ་ཟད། ཟབ་སྦྱོང་འདི་རིགས་ཡུ་རོབ་ནང་གོ་སྒྲིག་གནང་བ་ཐེངས་དང་པོ་ཡིན་པར་བརྟེན། ཚང་མས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བགྲོ་གླེང་དང་གྲོས་བསྡུར་ལྷུག་པོ་གནང་སྟེ་ཟབ་སྦྱོང་དེ་དོན་དང་ལྡན་པ་ཞིག་ཡོང་བ་དང་། དབུ་མའི་ལམ་གྱི་སྐོར་སྔར་ལས་ལྷག་གོ་རྟོགས་རྒྱ་ཆེ་ཡོང་སླད་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་སོགས་གསུངས་འདུག   

དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་དང་གྲོས་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་རྒྱུ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཡིན་པ་ནན་བརྗོད་གནང་བ་མ་ཟད། ཟབ་སྦྱོང་འདི་རིགས་ཡུ་རོབ་ནང་གོ་སྒྲིག་གནང་བ་ཐེངས་དང་པོ་ཡིན་པར་བརྟེན། ཚང་མས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བགྲོ་གླེང་དང་གྲོས་བསྡུར་ལྷུག་པོ་གནང་སྟེ་ཟབ་སྦྱོང་དེ་དོན་དང་ལྡན་པ་ཞིག་ཞིག་ཡོང་བ་དང་། དབུ་མའི་ལམ་གྱི་སྐོར་སྔར་ལས་ལྷག་གོ་རྟོགས་རྒྱ་ཆེ་བ་ཡོང་སླད་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་སོགས་གསུང་གནང་འདུག

གཞན་ཡང་ཇར་མན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཕུན་ཚོགས་ལགས་ཀྱིས་ཟབ་སྦྱོང་གོ་སྒྲིག་དང་ཟབ་ཁྲིད་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ་གནང་འདུག་པ་མ་ཟད།   ཇར་མན་བོད་རིགས་མཐུན་ཚོགས་ནས་མ་འོངས་པར་མུ་མཐུད་དབུ་མའི་ལམ་སྐོར་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད། ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་འཆི་མེད་ལགས་ཀྱིས་གསུང་དོན། ངས་ཐེངས་འདིའི་དབུ་མའི་ལམ་གྱི་ཟབ་སྦྱོང་འདི་འདྲའི་ཚགས་ཚུད་པོ་དང་བློ་སྐྱེད་ཆེན་པོ་ཞིག་བྱུང་གི་རེད་བསམ་མ་སོང་། ཅེས་བརྗོད་འདུག ཐེངས་འདིའི་ཟབ་སྦྱོང་གོ་སྒྲིག་ཞུ་མཁན་ཇི་ནི་ཝ་ནང་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཡིན་པ་དང་། ཕྱི་དྲིལ་ལས་ཁུངས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཟབ་ཁྲིད་གནང་ཡོད་པ་བཅས།།

 

Share with your friends










Submit