ཟླ་བ་ ༣ ཚེས ༢༧ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༣ ཚེས་ ༢༧ རེས་གཟའ་མིག་དམར།

༄༅། །དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དེ་རིང་སྔ་དྲོ་དྷ་ས་ནས་རཱཇ་པུར་ཁུལ་དུ་གཏན་གཞི་བྱས་པའི་ས་སྐྱ་མཐོ་སློབ་ཏུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ས་སྐྱ་མཐོ་སློབ་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་རིས་མེད་བགྲོ་གླེང་ཐེངས་གསུམ་པའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ངོ་ཕེབས་ཞུགས་གནང་རྒྱུ་ཡིན།  དེ་ཡང་བགྲོ་གླེང་ལྷན་ཚོགས་དེ་ནི་ཕྱི་ཟླ་ ༣ ཚེས་ ༢༨ ནས་ ༣༡ བར་ཉིན་གྲངས་བཞིའི་རིང་འཚོགས་རྒྱུ་དང་ཐེངས་འདིར་བགྲོ་གླེང་གི་བརྗོད་གཞི་ནི་༼སངས་རྒྱས་པའི་ཚད་མའི་གཞུང་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། གཡུང་དྲུང་བོན་གྱི་ཚད་མའི་གཞུང་འགྲོ་མགོན་བློ་གྲོས་རྒྱན་མཚན་གྱིས་མཛད་པའི་ཚད་མའི་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད༽ ཅེས་པ་ཡིན་འདུག །

Share with your friends










Submit