Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༡༦ རེས་གཟའ་མིག་དམར།

 ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་དུ་བོད་སྒྱུར་སྒྲུང་དེབ་རྩོམ་སྒྲིག་གི་ལས་དོན་ཆེད། སྡེ་འགན་གནས་རིམ་ཐོག་ལོ་གཅིག་རིང་ཆོད་གན་ལས་བྱེད་གཅིག་བསྐོ་གཞག་བྱ་འཆར་ཡོད་ན། ཞུགས་བློ་ཡོད་རིགས་རྣམས་ནས་གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་༢༠༡༨ ཟླ་ ཚེས་  ༢༤ འགྱངས་མེད་འཚང་སྙན་དང་མཉམ་དུ་དགོས་ངེས་ཆ་རྐྱེན་ཁག་གི་ཡིག་ཆའི་ངོ་བཤུས་དག་མཆན་འཁོད་པ་ངེས་འབུལ་དགོས་རྒྱུ།

དགོས་ངེས་ཆ་རྐྱེན།

༡   ཉུང་མཐའི་ཤེས་ཚད་ཉེ་བའི་གཙུག་ལག་རབ་འབྱམས་པའམ་  BA དང་མཉམ་པའི་ཤེས་ཚད་ཡོད་པ།

༢   རྩོམ་སྒྱུར་གྱི་ཉམས་མྱོང་ཡོད་པ།

༣  དེབ་གཟུགས་ཇུས་འགོད་ཀྱི་ཤེས་ཚད་གང་ལེགས་ཡོད་པ།

༤  ཁྲིམས་མཐུན་དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་འདྲ་བཤུས།

༥   བཙན་བྱོལ་བོད་མིའི་དཔྱ་དངུལ་ལག་དེབ་འབུལ་བབ་གཙང་ཟིན།

༦   ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།

༧   ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར།

 

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༡༨ ཟླ་ ༡ ཚེས་ ༡༦  ལ།

འབྲེལ་ལམ་གནང་ཡུལ་ཁ་བྱང་།

Secretary,
Department of Education
CTA Dharamshala,
Distt. Kangra HP
176215

Email: [email protected]/[email protected]

Share with your friends










Submit