ཟླ་བ་ ༩ ཚེས ༡༩ ༢༠༡༧
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ རེས་གཟའ་མིག་དམར།


༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༨ ཉིན་སྤྱི་ནོར་༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་སི་སི་ལི་ Sicily མངའ་སྡེའི་པ་ལེར་མོ་ Palermo གྲོང་ཁྱེར་ནང་༧ཞབས་སོར་བདེ་བར་འཁོད་སྐབས་གསར་འགོད་པ་ཁག་གཅིག་གིས་པ་ལེར་མོ་རྒྱལ་ས་ནི་ཨཕ་རི་ཀ་དང་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྐྱབས་བཅོལ་བ་རྣམས་ཉེན་ཚབས་ཆེ་བའི་ངང་མཚོ་ཐོག་ནས་འགྲུལ་བཞུད་བྱས་ཏེ་ཡུ་རོབ་ཁུལ་དུ་སླེབས་རྒྱུའི་གྲུ་ཁའི་འགག་སྒོ་ཐོག་མ་དེ་ཡིན་པ་དང་། རྒྱལ་ས་དེ་དེང་གི་འཆར་སྐྱབས་བཅོལ་བའི་ཛ་དྲག་གནས་སྟངས་ཐོག་སྟངས་འཛིན་བྱེད་བཞིན་པའི་སྐོར་བཅར་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ཡུལ་གྱར་བ་དང་སྐྱབས་བཅོལ་བ་ཚོའི་ཆོས་དད་དང་ཤ་མདོག་ལ་བལྟས་ནས་དབྱེ་དབྱེད་མེད་པར་སྤུན་མཆེད་ཀྱི་འདུ་ཤེས་འཛིན་པའི་ཐོག་ནས་སྐྱབས་བཅོལ་གྱི་གནས་བབ་སྤྲོད་པའི་ཐོག་ཕྲུ་གུ་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་དང་གཞོན་སྐྱེས་རྣམས་ལ་དེང་དུས་འཕྲུལ་རིག་གི་སྦྱོང་བརྡར་སྤྲོད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེ་ལྟ་བུའི་རྒྱབ་སྐྱོར་ལ་བརྟེན་མ་འོངས་པར་སྐྱབས་བཅོལ་བ་དེ་དག་རང་ཉིད་ཀྱི་ཡུལ་དུ་འབྱོར་སྐབས་ཧྲ་ཐག་ཐག་ཆགས་ངེས་ཡིན།

སྐྱབས་བཅོལ་བར་རོགས་ཕན་བྱ་རྒྱུ་ནི་བྱམས་སྙིང་རྗེ་ལག་བསྟར་བྱ་ཡུལ་གཙོ་བོ་ཆགས་ཡོད། ཕྱོགས་ཡོངས་ནས་ཞུས་ན་སྐྱབས་བཅོལ་བ་རྣམས་ད་ལྟ་དཀའ་ངལ་འཕྲད་བཞིན་པ་རྣམས་རང་ཉིད་ཀྱི་སྤུན་མཆེད་ལྟ་བུར་ངོས་འཛིན་ཏེ་ཁོ་ཚོར་སྐྱབས་བཅོལ་རོགས་རམ་གནང་དགོས།

དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་འདི་བཞིན། དེང་སྐབས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་རྒྱལ་ཞེན་རིང་ལུགས་ཤུགས་ཆེ་དར་ཁྱབ་ལ་བརྟེན། སྐྱབས་བཅོལ་དུ་ཡོང་མཁན་དེ་དག་ལ་མཐོང་ཆུང་ཁྱད་གསོད་ཙམ་མ་ཟད་སྤྱི་ཚོགས་དང་དཔལ་འབྱོར་གྱི་དཀའ་ངལ་ཁག་གི་འབྱུང་རྩ་ཡིན་ཚུལ་ཁག་དཀྲི་བྱེད་བཞིན་པའི་ཁྲོད་ཕེབས་པ་ཞིག་ཡིན།

སྐྱབས་བཅོལ་བ་དེ་ཚོའི་དཀའ་ངལ་གནད་དོན་སྐོར་༧གོང་ས་མཆོག་གིས་ཉེ་ཆར་འཇར་མན་ནང་དུའང་བཀའ་སློབ་ཕེབས་ཡོད་མ་ཟད། ་འཇར་མན་རྒྱལ་ཁབ་ནས་སྐྱབས་བཅོལ་བ་ས་ཡ་གཅིག་ལྷག་སྣེ་ལེན་ཞུས་པར་ཡི་རང་བསྔགས་བརྗོད་མཛད་ཅིང་། དེ་ནི་རྒྱལ་ཁབ་གཅིག་གི་བྱམས་བརྩེའི་སྲིད་བྱུས་ཞིག་ཡིན་ཞེས་བཀའ་སློབ་སྩལ་ཡོད། ཕྱོགས་མཚུངས་༧གོང་ས་མཆོག་གིས་ཆོས་ལུགས་ཀྱི་མིང་ཐོག་ནས་འཚེ་བའི་ལས་བྱེད་པ་ནི་ཧ་ཅང་བློ་ཕམ་རང་བཞིན་ཅན་ཞིག་ཡིན་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།

Share with your friends










Submit