༢༠༡༧ ཟླ་ ༧ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །འདི་གར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་ཧོན་སུར་རབ་རྒྱས་གླིང་ས་གནས་འཐུས་ཚོགས་སྐབས་ ༩ པའི་ཚོགས་གཙོ་བརྩོན་འགྲུས་རབ་རྒྱས་ལགས་རྩ་དགོངས་ཞུས་འཁྲོལ་བྱུང་བའི་གསར་འདེམས་ཚོགས་གཙོའི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་ཕྱི་ལོ་ ༢༠༡༧།༠༧།༢༤ ཉིན་ཧོན་སུར་རབ་རྒྱས་གླིང་ས་གནས་འཐུས་ཚོགས་སྐབས་ ༩ པའི་ཚབ་གསར་ཚོགས་གཙོ་སྐྱིད་པ་ལགས་ནས་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་མདུན་སར་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་བཅས།།