༢༠༡༧ ཟླ་ ༧ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༠ ཉིན་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བཙན་བྱོལ་བོད་མིའི་གཞིས་ཆགས་སུ་བོད་དོན་དང་འབྲེལ་བའི་བརྗོད་གཞི་གཉིས་ཀྱི་ཐོག་པར་རིས་ཁག་གཅིག་འགྲེམས་སྟོན་གནང་བ་མ་ཟད། གློག་བརྙན་ཡང་བསྟན་འདུག སྐབས་དེར་སེར་སྐྱ་ཕོ་མོ་རྒན་གཞོན་ཙམ་མ་ཟད། རྫོང་དཀར་ཆོས་སྡེའི་དགེ་འདུན་པ་དང་སློབ་ཕྲུག་བཅས་ཀྱིས་དོ་སྣང་ཆེན་པོ་གནང་འདུག
དེ་ཡང་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ཀྱིས་འགྲེམས་སྟོན་དབུ་འབྱེད་གནང་འདུག ཉིན་རྒྱབ་ཏུ་ཧུན་སུར་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྒན་གྲས་རྣམས་འགྲེམས་སྟོན་གཟིགས་པར་ཕེབས་སྐབས། བཙན་བྱོལ་ནང་གི་བྱམས་བརྩེ། ཞེས་པའི་གློག་བརྙན་བསྟན།
ཕྱོགས་མཚུངས་ཐེ་ཝན་ནས་ཕེབས་པའི་ས་གནས་ཀྱི་སྐུ་མགྲོན་ཁག་གཅིག་འགྲེམས་སྟོན་གཟིགས་པར་ཕེབས་སྐབས་འབྲེལ་ཡོད་ལས་བྱེད་རྣམས་ནས་པར་རིས་སོགས་ཀྱི་སྐོར་འགྲེལ་བཤད་གནང་འདུག
སྤྱིར་ཐེངས་འདིར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་སྐོར་བསྐྱོད་ལས་གཞི་མཐའ་མ་དེ་ཕྱི་ཚེས་ ༡༣ ཉིན་ཀོ་ལེ་གལ་དོན་ལྡན་གླིང་གཞིས་ཆགས་སུ་གནང་རྗེས་རེ་ཞིག་མཇུག་སྒྲིལ་རྒྱུ་ཡིན་འདུག བརྗོད་གཞི་གཉིས་ནི་༸གོང་ས་མཆོག་གི་མདད་རྣམ་དང་བོད་ནང་རང་ལུས་མེར་སྲེག་སྐོར་ཡིན་འདུག