༢༠༡༧ ཟླ་ ༦ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །འཇར་མན་གྱི་སྲིད་འཛིན་ཟུར་པ་སྐུ
འཇར་མན་གྱི་
དམ་པ་ཁོང་འདས་གྲོངས་སུ་གྱུར་བ་དེ་ནི་ང་ཚོ་ཚང་མར་གསབ་ཏུ་མེད་པའི་གྱོང་གུན་ཆེན་པོ་ཞིག་ཕོག་ཡོད་སྟབས། ཁོང་གི་ལངས་ཕྱོགས་གཞིར་བཟུང་འཛམ་གླིང་ཞི་བདེ་བསྐྲུན་ཐབས་བྱ་རྒྱུ་མ་བརྗེད་པ་བྱེད་དགོས། དེར་བརྟེན་ང་ཚོས་དམ་པ་ཁོང་གི་འཆར་སྣང་ལྟར་སྤྱི་ཚོགས་འཆམ་མཐུན་དང་མཐུན་སྒྲིལ་ཡོང་སླད་འབད་བརྩོན་བྱེད་དགོས། དམ་པ་ཁོང་རྗེས་སུ་དྲན་པའི་ཐོག་ནས་ང་ཚོས་སྨོན་འདུན་ཞུ་རྒྱུ་དང་། གཉན་འཕྲང་ཆེ་བའི་དུས་སྐབས་འདིར་སྐུ་ཉིད་མཆོག་མགྱོགས་ནས་མྱུར་དུ་ཡིད་ཀྱི་གདུང་བ་ལས་གྲོལ་ནས་རྒྱུན་ལྡན་གྱི་འཚོ་བར་སྔར་ལྟར་ལོངས་སུ་སྤྱོད་ཐུབ་པའི་རེ་སྨོན་ཞུ་རྒྱུ་ཡིན། ཞེས་འཁོད། །