༢༠༡༧ ཟླ་ ༥ ཚེས་ ༤ རེས་གཟའ་ཕུར་བུ།

༄༅། །བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་ཆེད་ཆོད་གན་ཐོག་ཟློས་དགེ་གཅིག་གི་ས་མིག་སྟོང་པ་འདུག་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཟློས་དགེའི་ལས་གནས་སུ་དོ་དབྱིངས་དང་ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༡ འགྱངས་མེད་རྣམ་རྒྱལ་འབྲིང་སློབ་ཀྱི་སློབ་སྤྱིའི་མཚན་ཐོག་ཐད་ཀར་སྙན་ཞུ་འབུལ་དགོས་ཤིང་། སྙན་འབུལ་བ་གཅིག་ལས་མང་བ་འབྱུང་ཚེ་སློབ་གྲྭ་ཁག་ནང་ཟློས་དགེ་གནང་མྱོང་ཡོད་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ་དང་། དེ་མིན་ཤེས་ཚད་ཡིག་ཆ་ཁག་ལ་ཞིབ་བསྡུར་གྱིས་མཐའ་མའི་འདེམས་སྒྲུག་དང་བསྐོ་གཞག་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་ཡིག་ཚང་ནས་གནང་རྒྱུ་ཡིན།

དགོས་ངེས་ཆ་རྐྱེན་ཁག

༡། འཛིན་རིམ་བཅུ་པའམ་བཅུ་གཉིས་ཀྱི་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས།
༢། ཟློས་དགེ་འོས་སྦྱོང་ཐོན་པའི་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས།
༣། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༣༡ བར་བོད་མིའི་དཔྱ་དེབ་ཀྱི་འབུལ་བབ་གཙང་ཕུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༤། ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༥། དེ་སྔ་སློབ་གྲྭ་གང་རུང་དུ་ལས་ཀ་བྱས་མྱོང་ཡོད་ན་ཉམས་མྱོང་ལག་འཁྱེར་རམ་ཁུངས་སྐྱེལ་ཡིག་ཆ་མཉམ་འབུལ་ཞུ་དགོས།

མཐུན་རྐྱེན་ཁག

༡། ཟླ་རེའི་གསོལ་ཕོགས་གངས་ཅན་བདེ་རྩའི་སྒྲིག་གཞི་ལྟར་འབུལ་རྒྱུ།
༢། ལས་ཤག་གི་མཐུན་རྐྱེན་འབུལ་རྒྱུ།
༣། ཞལ་ལག་འདི་གའི་སྒྲིག་གསལ་བཞིན་དགེ་ལས་གཅིག་མཚུངས་ལྟར་ཞུ་འཐུས་ཆོག་རྒྱུ།

གོང་གསལ་ཡིག་ཆ་དང་ལག་འཁྱེར་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་སྡེ་ཚན་གྱི་ཟུང་དྲུང་གནས་རིམ་ཡན་ནམ། ས་གནས་འགོ་འཛིན། ཡང་ན་འཛིན་རིམ་བཅུ་པ་ཡན་གྱི་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་ནས་ངོ་བཤུས་ཡིག་ཆ་ཁག་དན་རྟགས་མཚོན་པའི་དག་མཆན་ངེས་ཞུ་དགོས་པའི་གསལ་བསྒྲགས་སུ།    ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༤ ལ།

འབྲེལ་གཏུག་དང་སྙན་ཞུ་འབུལ་ཡུལ་ཁ་བྱང་།

Principal
Namgyal Boarding School
P.O. Box no. 2776
Kimtole, Swoyambu
Kathmandu/Nepal                                                                                                                                                                                                                Contact no: 00977-4890197 Mobile no: 9808284744
Email: [email protected]