ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༧ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་འབུམ་རམ་པ་ཨི་ཤི་ཧ་མཱ་ཡུ་མི་ཀོ་ Dr Ishihama Yumiko ལགས་ཀྱིས་ཉི་ཧོང་བ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་བཅས་ཀྱི་སྐོར་ངོ་སྤྲོད་གནང་འདུག
འབུམ་རམས་པ་ཨི་ཤི་ཧ་མཱ་ཡུ་མི་ཀོ་ལགས་ནི་་ཝ་སེ་ཌ་ Waseda University ཞེས་པའི་སྙན་གྲགས་ཅན་གྱི་གཙུག་ལག་སློབ་གྲྭའི་ནང་སློབ་ཁྲིད་གནང་བཞིན་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ཐོག་མཁས་དབང་དང་རྩོམ་པ་པོ་ཞིག་ཀྱང་ཡིན་པ་དང་། ཁོང་གིས་བོད་བརྒྱུད་ནང་བསྟན་དར་ཚུལ་དང་། བོད་ཀྱི་རིག་གཞུང་སྐོར། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་མ་བྱས་གོང་བོད་ཀྱི་ས་བབ་གནས་སྟངས། བཙན་བྱོལ་ནང་གི་བོད་མིའི་གནས་སྟངས་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།
སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་། ཉི་ཧོང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད།
གཞན་ཡང་ཚོགས་བཅར་བ་རྣམས་ལ་བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་གཅིག་དང་བོད་ཆས་སོགས་འགྲེམས་སྟོན་ཞུས་ཏེ་ཐུན་མོང་མ་ཡིན་པའི་གསོལ་ཇ་འདེགས་འབུལ་ཞུས་ཡོད་པ་མ་ཟད། གྷོ་ཀུ་ཇི་ནང་པའི་ལྷ་ཁང་དུ་གནས་གཟིགས་སུ་ཁྲིད་རྗེས་བཀྲ་ཤིས་བདེ་ལེགས་ཟ་ཁང་དུ་ཉིན་གུང་ཞལ་ལག་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཡོད་པ་བཅས། །