༢༠༡༧ ཟླ་ ༢ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡ ཉིན་ཨ་རིའི་ཨིན་ཌི་ཡ་ན་གཙུག་ལག་སློབ་གྲྭའི་སློབ་དཔོན་སྐུ་ཞབས་ཨེལ་ལོ་ཡི་ཊི་སི་པར་ལིང་ Elliot Sperling ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དམ་པ་ཁོང་གི་བུ་མོ་ཀོ་ལིན་སི་པར་ལིང་ Coline Sperling ལགས་ལ་ཐུགས་གསོའི་འཕྲིན་ཡིག་གཅིག་ཕུལ་བའི་ནང་འཁོད་དོན།
སྐུ་ཉིད་ཀྱི་ཧ་ཅང་བརྩེ་བའི་ཡབ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བློ་ཕམ་ཧ་ཅང་བྱུང་། དེར་བརྟེན་ང་ཚོས་དམ་པ་ཁོང་ལ་རྗེས་དྲན་དང་སྦྲགས་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།
སྐུ་ཉིད་ཀྱི་ཡབ་དམ་པ་ཁོང་ལྟ་བུར་མཚོན་ན། བོད་རིག་པའི་མཁས་དབང་གྲགས་གྲས་ཤིག་ཡིན་ཞིང་། བོད་ཀྱི་དངོས་ཡོད་ལོ་རྒྱུས་གཞི་རྩར་བཟུང་ནས་བོད་མིའི་འཐབ་རྩོད་ལའང་ཞབས་འདེགས་བསྒྲུབས་ཡོད།
དམ་པ་ཁོང་འདས་གྲོངས་སུ་གྱུར་བ་ནི་སྐུ་ཉིད་ཙམ་མ་ཟད། བོད་མིའི་འཐབ་རྩོད་ལའང་གསབ་ཏུ་མེད་པའི་གྱོང་གུན་ཞིག་ཕོག་ཡོད། དཀའ་ཚེགས་ཧ་ཅང་ཆེ་བའི་དུས་སྐབས་འདིར་བོད་མི་རྣམས་ཀྱིས་སྐུ་ཉིད་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། དམ་པ་ཁོང་ལ་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།
མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།