༢༠༡༦ ཟླ་ ༡༢ ཚེས་ ༣༡ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། བདེ་སྲུང་ལས་ཁུངས་ནས་སྤེལ་བའི་གསལ་བསྒྲགས་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་གསུང་ཆོས་ར་བར་ཕེབས་སྒོ་ཁག་ ༡༣ འདུག
ཕེབས་སྒོ་དང་པོ། གལ་ཆེའི་མི་སྣ་དང་། དུས་འཁོར་དབང་ཆེན་གྱི་སྦྱིན་བདག ལས་བྱེད་བཅས་ཀྱི་ཆེད་རེད་འདུག
ཕེབས་སྒོ་གཉིས་པ། བོད་ནས་གསར་དུ་ཕེབས་པ་དང་། རྒས་འཁོགས། དབང་པོ་སྐྱོན་ཅན་བཅས་ཀྱི་ཆེད་རེད་འདུག
ཕེབས་སྒོ་གསུམ་པ་དང་བཞི་པ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སྣའི་ཆེད་རེད་འདུག
ཕེབས་སྒོ་ལྔ་པ་དང་དྲུག་པ། བདུན་པ། བརྒྱད་པ། མི་མང་གི་ཆེད་རེད་འདུག
ཕེབས་སྒོ་དགུ་པ་དང་བཅུ་པ། བཅུ་གཅིག དགེ་འདུན་པ་དང་བཙུན་མ་ཚོའི་ཆེད་རེད་འདུག
ཕེབས་སྒོ་བཅུ་གཉིས་པ། རྒྱ་གར་བ་དང་ཕྱི་རྒྱལ་བ་ཚོའི་ཆེད་རེད་འདུག
ཕེབས་སྒོ་བཅུ་གསུམ། གསར་འགོད་པ་ཚོའི་ཆེད་དུ་རེད་འདུག
དེ་བཞིན་ཆོས་ཞུ་བ་ཚོས་གསུང་ཆོས་ར་བའི་ནང་ལག་ཐོགས་ཁ་པར་དང་པར་ཆས། ཙག་སྒྲ། ས་སྣུམ། མཚོན་ཆ་རིགས། དགོས་མཁོ་མེད་པའི་ཅ་དངོས་རིགས་རྩ་བ་ནས་འཁྱེར་མི་ཆོག་པ་དང་། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རིགས་དུས་དབང་དུ་བཅར་མི་ཆོག་ཅེས་འཁོདའདུག་པས་དེ་དོན་ཆོས་ཞུ་བ་ཡོངས་ནས་ཐུགས་སྣང་ཡོང་བ་ཞུ།།