༢༠༡༦ ཟླ་ ༨ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༢ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་རྡ་ས་དབུས་སྣེ་ལེན་ཁང་དུ་དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་ཐེངས་གསུམ་པའི་མཇུག་སྡོམ་མཛད་སྒོར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་ཡོད། དེ་ཡང་མཛད་སྒོའི་ཐོག་མར་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་བདུན་ཕྲག་གཉིས་རིང་གི་ཟབ་སྦྱོང་སྐོར་ངོ་སྤྲོད་གནང་རྗེས་ཟབ་སྦྱོང་བ་དགེ་འདུན་པ་གཅིག་དང་བཙུན་མ་གཉིས་ཀྱིས་ཟབ་སྦྱོང་སྐབས་ཀྱི་མྱོང་ཚོར་སྐོར་གསུངས། དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། དེང་དུས་རབས་ ༢༡ ནང་དགེ་བཙུན་རྣམས་ཀྱིས་ནང་ཆོས་ཁོ་ན་མིན་པར་ཚན་རིག་ལའང་དོ་སྣང་གནང་རྒྱུ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཚགས་ཚུད་ཡོང་རྒྱུ། སྒོས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་ཐོག་ནས་སློབ་གཉེར་གནང་གལ་ཆེ་བའི་བཀའ་སློབ་ལུང་འདྲེན་གནང་།
སྤྱིར་ཟབ་སྦྱོང་འདི་བཞིན་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲི