ཟླ་བ་ ༡༢ ཚེས ༨ ༢༠༡༥
   Posted in གསར་གནས།
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༨ རེས་གཟའ་མིག་དམར།

Tenpa C. Samkhar༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེ་ཟུར་པ་བསམ་མཁར་བསྟན་པ་ཆོས་འཕེལ་ལགས་བར་ལམ་ནས་ནད་མནར་གྱིས་སྨན་བཅོས་རིམ་འགྲོ་སོགས་གང་གནང་ཡང་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡།༢༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། བཀའ་ཤག་ནས་དམ་པ་ཁོང་གི་རྗེས་ཤུལ་ནང་མི་རྣམས་ལ་ཐུགས་གསོ་གནང་བ་དང་ཆབས་ཅིག དམ་པ་དེ་ཉིད་ཀྱི་ཆེད་དེ་རིང་ཕྱི་ཚེས་ ༨ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༣ ནས་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད།

Yuthokདམ་པ་ཁོང་ནི། ཕྱི་ལོ་ ༡༩༤༩ ཟླ་ ༧ ཚེས་ ༡ ཉིན་ཆུ་ཤུར་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༦ ཟླ་ ༦ ཚེས་ ༢༣ ནས་གནས་བརྒྱད་པ་བཀའ་དྲུང་ཡིག་ཚང་གི་ཚོད་བལྟའི་རྒན་དྲུང་དུ་བསྐོ་གཞག་དང་། ཕྱི་ལོ་ ༡༩༧༦ ཟླ་ ༡༡ ཚེས་ ༡༠ ནས་གནས་རིམ་རང་འཇགས་ཐོག་ལས་ངོར་བསྐོ་གཞག ཕྱི་ལོ་ ༡༩༧༧ ཟླ་ ༧ ཚེས་ ༡༥ ནས་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་ལས་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༡༥ ནས་གནས་བདུན་པ་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་ངོ་མར་བསྐོ་གཞག ཕྱི་ལོ་ ༡༩༨༠ ཟླ་ ༣ ཚེས་ ༨ ནས་གནས་རང་འཇགས་ཐོག་བཀའ་དྲུང་ལས་རོགས་ཀྱི་ལས་ཚབ་བསྐོ་གཞག ཕྱི་ལོ་ ༡༩༨༢ ཟླ་ ༦ ཚེས་ ༡ ནས་གནས་དྲུག་པར་གནས་སྤར་དང་འབྲེལ་ལུགས་བསམ་གཞིས་ DSC_0117འགོར་གནས་སྤོས། ཕྱི་ལོ་ ༡༩༨༥ ཟླ་ ༡༠ ཚེས་ ༡༠ ནས་གནས་རང་འཇགས་ཐོག་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེར་གནས་སྤོས། ཕྱི་ལོ་ ༡༩༨༦ ཟླ་ ༡༡ ཚེས་ ༡ ནས་དྲིལ་བསྒྲགས་དྲུང་ཆེ་ལས་རོགས་སུ་གནས་སྤོས། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་འགན་རང་འཇགས་ཐོག་དྲུང་ཆེ་ལས་འཕར་གྱི་གནས་རིམ་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༢༠ ནས་དྲུང་ཡིག་ཆེན་མོར་གནས་སྤར་དང་འབྲེལ་རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་གི་དྲུང་ཆེ། ཕྱི་ལོ་ ༡༩༩༤ ཟླ་ ༨ ཚེས་ ༡ ནས་ལོ་གཅིག་རིང་ཕོགས་མེད་སློབ་བསྐྱོད་དགོངས་ཞུ། ཕྱི་ལོ་ ༡༩༩༥ ཟླ་ ༨ ཚེས་ ༧ ནས་སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱིར་བསྐོ་གཞག ཕྱི་ལོ་ ༡༩༩༧ ཟླ་ ༡༢ ཚེས་ ༡༥ ནས་བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་དྲུང་ཆེར་གནས་སྤོས་བསྐོ་གཞག ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༡༥ ཉིན་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེའི་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡ ནས་སྒྲིག་དོན་བགྲེས་ཡོལ་སྩལ་ཡོད་པ་བཅས།།
DSC_0108

  •  
  •  
  •  
  •  
  •