ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༩ ནས་ ༣༡ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་མཇལ་འཕྲད་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༩ ཉིན་རྡ་ས་ནས་གྷ་གལ་བརྒྱུད་ལྡི་ལིར་ཕེབས་འབྱོར་གྱིས་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༣༠ ཉིན་ལྡི་ལི་ནས་མེ་འཁོར་བརྒྱུད་པ་ཊན་ཀོ་ཊིར་ཕེབས་ཐོན་གྱིས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག