༢༠༡༣ ཟླ་ ༧ ཚེས་ ༨ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༧ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༥།༣༠ ནས་ ༦།༣༠ བར་རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གྲོང་ཁྱེར་བྷོ་དྷི་གྷ་ཡར་ཆགས་པའི་ནང་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་(Mahabodhi Temple) རྭ་བའི་ཕྱི་ནང་དུ་འབར་རྫས་གས་ཐོར་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱིས་སེམས་ཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་ཡོད། དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནད་དོན་དེའི་ཐོག་གསུང་དོན། འཛམ་གླིང་ནང་སྙན་གྲགས་ཅན་གྱི་གནས་མཆོག་རྡོར་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྭ་བའི་ཕྱི་ནང་དུ་འབར་རྫས་གཏུད་མར་གས་ཐོར་བྱུང་བར་ང་རང་སེམས་ཚབ་ཧ་ཅང་བྱུང། གོད་ཆག་དེའི་འོག་རྨས་སྐྱོན་ཕོག་པ་རྣམས་དང་ཁོང་ཚོའི་ཉེ་འབྲེལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག