༢༠༡༢ ཟླ་ ༩ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༧ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་སྐུ་ཧེ་ལི་རི་ཁི་ལིན་ཊོན་ (Hillary Clinton) མཆོག་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ཡང་ཇེ་ཅི་ Yang Jiechi དང་ཐུག་འཕྲད་སྐབས་བོད་ཀྱི་གནད་དོན་གླེང་ཡོད། དེ་ཡང་ཐོག་མར་དབུ་ཁྲིད་རྣམ་གཉིས་ནས་ཉི་ཧོང་དང་རྒྱ་ནག་དབར་སན་ཀ་ཀུ་སི་ Senkakus མཚོ་གླིང་གི་བདག་དབང་ཐོག་དེང་སྐབས་འཕྲད་བཞིན་པའི་ཛ་དྲག་གི་གནས་སྟངས་ཐོག་གྲོས་མོལ་གནང་ཡོད། དེ་རྗེས་བྱང་ཀོ་རི་ཡ་དང་ཨི་རན་བཅས་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་རྗེས། ལྕམ་སྐུ་ཁི་ལིན་ཊོན་མཆོག་གིས་ཨ་རིའི་གཞུང་གི་ལངས་ཕྱོགས་གཙོ་བཟུང་ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་ལྷག་པར་བོད་ནང་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ཐོག་ཨ་རིའི་གཞུང་ལ་སེམས་འཚབ་ཡོད་སྐོར་གསུངས་ཡོད་པ་བཅས།།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དེར་སེམས་འཚབ་ཡོད་སྐོར་བརྗོད་པ།
གསར་གནས།

འབྲེལ་གནས།
