༢༠༡༡ ཟླ་ ༡ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༦ ནས་ ༩ བཅས་ཉིན་གྲངས་བཞིའི་རིང་རྒྱ་གར་མ་ཧཱ་རཱཤ་ཊཱི་མངའ་སྡེའི་གྲོང་ཁྱེར་ནཱག་པུར་དུ་རྟེན་གཞི་བྱས་པའི་སྡིག་ཤ་བྷུ་མི་ཞེས་པའི་ཐང་ཆེན་དུ་སྟོན་པ་རྗེས་དྲན་གྱི་དུས་སྟོན་མཛད་སྒོ་ཞིག་སྲུང་བརྩི་ཞུ་རྒྱུ་ཡིན་པ་མ་ཟད། སྐབས་དེར་བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན་མཆོག་ཀྱང་མགྲོན་འབོད་ཞུས་འདུག མཛད་སྒོ་དེ་བཞིན་ནཱག་པུར་ནང་པའི་ཆོས་ཚོགས་(Nagpur Buddhist Centre) དང་། (Dr Babasaheb Ambedkar National Association of Engineers) ཞེས་པའི་ཚོགས་པ། གཞན་ཡང་ (South Central Zone Cultural Centre) ཞེས་པའི་ཚོགས་པ་གསུམ་བཟུང་འབྲེལ་ཐོག་གོ་སྒྲིག་ཞུ་རྒྱུ་ཡིན་འདུག མཛད་སྒོ་དེ་བཞིན་ཕྱི་ཚེས་ ༦ སྔ་དྲོ་ཆུ་ཚོད་ ༦ ནས་ ༩ བར་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་དབུ་འཛུགས་གནང་རྒྱུ་ཡིན་པ་དང། དེ་ནས་རིམ་པས་ནང་པའི་རིག་གཞུང་དང་འབྲེལ་བའི་སྒྱུ་རྩལ་དང་དཔེ་དེབ་འགྲེམས་སྟོན། རྩོམ་ཡིག་སྒྲོགས་སྦྱང། རི་མོ་དང་བཟོ་བཀོད་འགྲན་བསྡུར་སོགས་ཀྱི་མཛད་རིམ་འདྲ་མིན་ཞིག་གོ་སྒྲིག་ཞུ་པའི་ཐོག་ནས་སྲུང་བརྩི་ཞུ་འཆར་ཡོད་འདུག་པ་བཅས།།
སྟོན་པ་རྗེས་དྲན་གྱི་དུས་སྟོན་མཛད་སྒོར་བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན་མཆོག་མགྲོན་འབོད་ཞུས་པ།
གསར་གནས།
འབྲེལ་གནས།