༄༅། །ཡུ་རོབ་གཙུག་ལག་སློབ་ཁང་དྲག་གྲས་ (University of Maribor, Slovenia)མ་རི་སྦོར་གཙུག་ལག་སློབ་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༤ པའི་ནང་ཆིབས་སྒྱུར་བསྐྱངས་སྐབས་གཙུག་ལག་སློབ་ཁང་དེའི་འགོ་འཛིན་ནས་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཅིག་ལ་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་གནང་རྒྱུའི་ཞལ་བཞེས་བྱུང་དོན་ལྟར། ཕྱི་ལོ་ ༢༠༡༠ ལོར་རྒྱ་བལ་འབྲུག་གསུམ་ནང་འཛིན་རིམ་བཅུ་གཉིས་ལེགས་ཐོན་བྱུང་བའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཞུགས་བློ་ཡོད་རིགས་ནས་ཤེས་རིག་ལས་ཁུངས་སུ་དགོས་མཁོའི་ཡིག་ཆ་ཁག་དང་མཐོ་སློབ་ཀྱི་འཚང་སྙན་འགེངས་ཤོག་བཅས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༥ འགྱངས་མེད་འབུལ་དགོས།

ཀ༽ གཤམ་གསལ་སློབ་ཚན་ཁག་ནས་གང་རུང་གཅིག་ལ་འཚང་སྙན་འབུལ་ཆོག

  • Faculty of Electrical Engineering and Computer Science
  • Faculty of Civil Engineering
  • Faculty of Chemistry and Chemical Engineering
  • Faculty of Logistics
  • Faculty of Energy Technology
  • Faculty of Natural Sciences and Mathematics
  • Faculty of Business and Economics

ཁ༽ དགོས་ངེས་ཆ་རྐྱེན་དང་། འཚང་སྙན་འགེངས་ཤོག་འབུལ་ཕྱོགས།

༡། ཕྱི་ལོ་ ༢༠༡༠ ལོར་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ནང་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ།

༢། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks Card) དང་རྒྱུགས་འཕྲོད་ལག་འཁྱེར་(Pass Certificate) ངེས་འབུལ་དགོས།

༣། དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་རང་བདེན་ཚོགས་ ཆུང་ནས་བདེན་དཔང་མཚན་རྟགས་ཞུས་པ་དགོས།

༤། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས། གལ་ཏེ་ལག་དེབ་དུས་འགྱངས་ཞུ་ཆེད་བཏང་ཟིན་པ་ཡིན་ཚེ་འབྲེལ་ཡོད་ལས་ཁུངས་ནས་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་དགོས།

བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ངོས་འཛིན་ཐུབ་པར་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་ངོས་སྦྱོར་ཡིག་ཆ་ངེས་པར་དུ་ཞུ་འབུལ་དགོས།

༥། ཕ་མ་བོད་ནང་ཡོད་པའམ། ཕ་མ་ཡ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ནམ། བོད་གཞུང་ཤེས་རིག་ཁྱབ་ཁོངས་ འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ངོས་སབྱོར་འབུལ་དགོས།

༦། གཙུག་ལག་སློབ་ཁང་དེའི་དྲྭ་རྒྱ་ནས་  http://vpis.uni-mb.si/Tujci/Application%20form.htm འཚང་སྙན་འགེངས་ཤོག་ (Application form) ཕབ་བཤུས་ཀྱིས་ཞིབ་བཀང་ཐོག་ཤེས་རིག་ལས་ཁུངས་སུ་འབུལ་དགོས།

༧། དོ་བདག་གི་ལོ་རྒྱུས་སྙིང་བསྡུས་ཤིག་ (Personal Essay) བྲིས་ཏེ་ཤེས་རིག་ལས་ཁུངས་སུ་འཚང་སྙན་མཉམ་འབུལ་དགོས།

༨། རྒྱབ་གཉེར་ཡི་གེ་ (Letter of Recommendation) རང་གི་སློབ་གྲྭའམ་ཡང་ན་མཐོ་སློབ་ནས་ཞུ་འབུལ་དགོས།

༩། ངོས་འཛིན་ཡོད་པའི་གསོ་བ་རིག་པའི་སྨན་པའམ། དེབ་བསྐྱེལ་ཡོད་པའི་ཕྱི་ལུགས་སྨན་པ་གང་རུང་ཞིག་ནས་གཟུགས་ཁམས་བདེ་ཐང་ཡིན་པའི་བདེན་དཔང་ཡི་གེ་དགོས།

ག༽ ཐུགས་སྣང་དགོས་གལ་ཁག

༡། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་འཕྲོད་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས། ཡང་ན་བོད་གཞུང་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་ཡན་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་འགན་ལེན་དག་མཆན་འཁོད་པ་འཚང་སྙན་མཉམ་འབུལ་དགོས། ས་གནས་འགོ་འཛིན་ལས་ཁུངས་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་མེད་པའི་ས་གནས་སུ་རང་བདེན་ཚོགས་ཆུང་གི་ལས་དམ་དང་བཅས་ཏེ་འགན་ལེན་དག་མཆན་དགོས་པ་ཡིན།

༢། སློབ་ཡོན་དེའི་ཆ་རྐྱེན་ཁག་ཞིབ་ཆ་མཐོ་སློབ་ཀྱི་དྲྭ་རྒྱ་ http://www.uni-mb.si/ ལ་ལྟ་ཞིབ་དགོས།

༣། སློབ་ཕྲུག་གང་ཞིག་ཤེས་རིག་ལས་ཁུངས་ནས་སྨན་པ(MBBS)དང་བཟོ་སྐྲུན་རིག་གནས་(Engg.)སོགས་ཟུར་བཅད་ཞབས་སྟེགས་ཐོག་ འདེམས་སྒྲུག་བྱུང་སྟེ་མཐོ་སློབ་འགྲིམ་བཞིན་པ་ཡིན་ཚེ་སློབ་ཡོན་འདིའི་ཁོངས་འཚང་ཞུགས་མི་ཆོག

༤། གཙུག་ལག་སློབ་ཁང་དེས་སློབ་ཡོན་དང་ཁང་དོད་གནང་རྒྱུའི་ཞལ་བཞེས་བྱུང་གཤིས། གནམ་གླ་དང་སློབ་ཡུན་རིང་གི་ འཚོ་གྲོན་དོ་བདག་གི་འགན་འཁུར་ལས་སློབ་གྲྭས་གནང་རྒྱུ་མིན་པ།

༥། ཕྱི་ལོ་ ༢༠༡༡ ཟླ་ ༨ པའི་ནང་མཐོ་སློབ་ཏུ་བསྐྱོད་དགོས་པར་བརྟེན། ཕྱི་བསྐྱོད་ལག་འཁྱེར་སེར་པོ་ (IC) དུས་ཐོག་ཐོན་ཐབས་བྱ་རྒྱུ་ དང་། སློབ་སྦྱོང་གི་དུས་ཡུན་རིང་ལག་འཁྱེར་དང་འབྲེལ་བའི་དཀའ་རྙོག་རིགས་མི་འབྱུང་བའི་འགན་ཁུར་དོ་བདག་སོ་སོས་འཁྱེར་དགོས་པ་མ་གཏོགས་ཤེས་རིག་ལས་ཁུངས་ལ་མེད།

༦། འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང་། ཨི་མེལ། ཁ་པར་ཨང་གྲངས་བཅས་པ་ཁ་གསལ་འགོད་དགོས།

༧། རྒྱ་གར་ནང་འདེམས་སྒྲུག་སྐབས་ཀྱི་འགྲོ་གྲོན་ཆ་ཚང་སློབ་གཉེར་བ་རང་ངོས་ནས་བསྒྲུབ་དགོས།

༨། འཚང་སྙན་མཉམ་དུ་གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༥༠ འབུལ་དགོས།

༩། འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་བྱ་རྒྱུ་མིན།

༡༠། དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་དགོས་ངེས་ཡིག་ཆ་ཚང་མིན་བརྡ་ལན་བྱ་རྒྱུ་དང་། དེའི་རྗེས་སུ་ཕུལ་འབྱོར་བྱུང་བ་རྣམས་ལ་བརྡ་ལན་བྱ་རྒྱུ་མིན།

༡༡། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༨ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་འདི་ག་ལས་ཁུངས་ཀྱི་མཐོ་སློབ་ཚན་པར་འབྱོར་ཐོ་འགོད་སྐབས་རང་ཉིད་ཀྱི་འཛིན་རིམ་བཅུ་པ་དང་བཅིུས་གཉིས་ཀྱི་གྲུབ་འབྲས་ཨང་ཤོག་དང་ལག་འཁྱེར་ངོ་མ་མིག་སྟོན་དགོས་པ་དང་། ཕྱི་ཚེས་ ༢༩ དང་ ༣༠ ཉིན་ གཉིས་རིང་བོད་ཨིན་འབྲི་རྒྱུགས་དང་ངག་རྒྱུགས་གཏང་རྒྱུ།

༡༢། ཚུད་རྒྱུགས་ཀྱི་ལམ་ནས་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་གཅིག་འདེམས་སྒྲུག་བྱ་རྒྱུ།

༡༣། འཚང་སྙན་མཉམ་དགོས་མཁོའི་ཡིག་ཆ་ཁག་ཆད་ལུས་མེད་པ་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས།

༡༤། སློབ་ཡོན་ཐད་དོགས་འདྲི་ཡོད་རིགས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་འཐུས་བཅས་ཀྱི་གསལ་བསྒྲགས་སུ།

བོད་གཞུང་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༣ ལ།།                     

Secretary

Department of Education, CTA

Gangchen Kyishong

Dharamsala – 176 215

Distt. Kangra, H.P.

Ph: 01892 – 226695, 222572, 222721

Fax: 01892- 223481

Email: [email protected]

Website: www.tcewf.org

Share with your friends










Submit