༢༠༡༠ ཟླ་ ༡༢ ཚེས་ ༢ རེས་གཟའ་ཕུར་བུ།
༈ རང་རེའི་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་ལ་རང་བཙན་ཐོབ་པ་ནས་ཟུང། རྒྱལ་ཁབ་དང་ཡུལ་ལྗོངས་ཀྱི་ཡར་རྒྱས། མི་མང་གི་འཚོ་རྟེན། ཤེས་ཡོན་དང་འཕྲོད་བསྟེན། མི་རིགས་དང་རིག་གཞུང། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ། མི་ལོ་བཅུ་རེ་འཚམས་སུ། རྒྱལ་ཁབ་ཀྱི་ཁོར་ཡུག་གནས་སྟངས་ལ་ཞིབ་འཇུག ས་གནས་ས་ཐོག་མི་མང་གི་གྲངས་འབོར། མི་རིགས། ཆོས་ལུགས། སྐད་ཡིག་གང་ཡིན་བཅས་ཞིབ་འཇུག་ཐོག་གཞི་རྩའི་ཡར་རྒྱས་ཀྱི་འཆར་གཞི་འགོད་ཀྱི་ཡོད་པར་རྟེན།
ཕྱི་ལོ་ ༢༠༡༠།༢༠༡༡ ལོར། ལོ་བཅུ་རེ་འཁོར་བའི་མི་མང་གྲངས་འབོར་སོགས་ད་ལྟ་རྩིས་ཞིབ་རྩད་གཅོད་དང། ཞིབ་འཇུག་བྱེད་བཞིན་ཡོད་པ་འདི་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། ཧི་མཱ་ལ་ཡ་ནས་མཐའི་རྒྱ་མཚོའི་བར། རང་རེ་རྒྱ་གར་གྱི་མི་མང་རྣམས་ནས་རང་གི་རྒྱལ་ཁབ་ཡར་རྒྱས་དང་། རང་གཞན་ཚང་མ་ཞི་བདེ་ཡོངས་ཐབས་ལ་འབད་དགོས། དེ་ལྟར་ན་ཐོག་མར་ཤེས་ཡོན་ལ་རག་ལས། ཤེས་ཡོན་ཡང་རང་གཞུང་ནས་སློབ་གྲྭ་ཁག་ཏུ་ཡུལ་གྲོང་ས་གནས་མི་མང་གི་ཕ་མེས་ཀྱི་སྐད་ཡིག་གང་ཡིན་གཞུང་གི་སློབ་གྲྭ་ཁག་ཏུ་སློབ་དགོས། གཞུང་གི་སློབ་གྲྭ་ཁག་ཏུ་སློབ་ཆེད་དུ། ཡུལ་ལྗོངས་སོ་སོའི་སྐད་ཡིག་ལ་དབུས་གཞུང་ནས་ངོས་ལེན་ཐོབ་དགོས། དབུས་གཞུང་ནས་ངོས་ལེན་ཐོབ་ཆེད་དུ། ལོ་ངོ་བཅུ་རེ་སེན་སེཅ་ (Census) ཞེས་པའི་མི་མང་གྲངས་རྩིས་དང། སྐད་ཡིག་ཞིབ་འཇུག་སྐབས་སུ་གཞུང་གི་ཡིག་ཆའི་ནང་འཁོད་ཐུབ་པ་ཞིག་བྱ་དགོས་པ་སོགས་ཤིན་ཏུ་གལ་ཆེ་བ་ལགས་ན།
རང་རེ་ཧི་མཱ་ལ་ཡ་པ་རྣམས་ནས། བོད་ཡིག་བྷོ་ཊི་འདི་ནི་ཤིན་ཏུ་རྩ་ཆེ་ཆོས་རིག་ཤེས་ཡོན་གྱི་རྩ་བ་ཡིན་པ་མཁྱེན་པར་གནང་ནས། འདི་ལོའི་སེན་སེཅ་སྐབས་སུ་གཞུང་གི་ཡིག་ཆའི་ནང་འཁོད་ཐུབ་པ་ཞིག་ངེས་པར་གནང་དགོས། །
འཇུ་ལེ། བཀྲ་ཤིས་བདེ་ལེགས། ཧི་མཱ་ལའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ནས་ཕུལ།།
Lochen Tulku Rinpoche TsonaTulku Rinpoche lama Chosphel Zotpa
Chairman North Zone Chaiman East Zone President
Himalayan Buddhist Cultural Association
ཧི་མཱ་ལའི་ཆོས་རིག་འཛིན་སྐྱོང་ཚོགས་པས་རྒྱ་གར་གཞུང་གི་ཡིག་ཆའི་ནང་བོད་ཡིག་འགོད་ཐབས་ཀྱི་གལ་ཆེའི་སྙན་ཞུ་དང་གསལ་བསྒྲགས་སྤེལ་བ།
གསར་གནས།

འབྲེལ་གནས།
