ཟླ་བ་ ༡༡ ཚེས ༢༦ ༢༠༡༠

༄༅།། ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་གནས་འཕྲིན་གནང་འབྱོར་ནང་གསལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨ་རི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་ (University of Northern Iowa, Cedar Falls, Iowa, US) ཆིབས་བསྒྱུར་སྐྱོང་སྐབས་མངའ་སྡེ་དེ་གའི་བུད་མེད་སྐུ་ཞབས་ཨེ་ཝི་ལི་ན་ཅེན་དང་ནང་མི་ (University of Northern Iowa, Cedar Falls, Iowa, US) ནས་རྒྱ་བལ་འབྲུག་གསུམ་ཁྲོད་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཅིག་ལ་ (Hawkeye Community College, Waterloo, Iowa, US) མཐོ་སློབ་དང་། (University of Northern Iowa, Cedar Falls, Iowa, US) གཙུག་ལག་སློབ་གཉེར་ཁང་དུ་ལོ་བཞིའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་(Undergraduate) སློབ་སྦྱོང་ཐོག་སློབ་ཡོན་ཞལ་བཞེས་བྱུང་དོན་ལྟར། ཕྱི་ལོ་ ༢༠༡༠ ལོར་འཛིན་རིམ་བཅུ་གཉིས་ལེགས་ཐོན་བྱུང་བ་གཤམ་གསལ་ཆ་རྐྱེན་ཚང་བའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་སུ་རུང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༡ འགྱངས་མེད་ཤེས་རིག་ལས་ཁུངས་སུ་དགོས་མཁོའི་ཡིག་ཆ་ཁག་དང་མཐོ་སློབ་ཀྱི་འཚང་སྙན་འགེངས་ཤོག་བཅས་ཕུལ་ཏེ་སློབ་ཡོན་འདེམས་རྒྱུགས་ཁོངས་འཛུལ་ཞུགས་ཆོག་པ་ཡིན།

ཀ༽ སློབ་ཚན། (Study Programs)
གཤམ་གསལ་སློབ་ཚན་ཁག་ནས་གང་རུང་གཅིག་ལ་འཚང་སྙན་འབུལ་དགོས།

1) Agriculture and Natural Resource

  • Agricultural Business Management
  • Animal Science
  • Animal Science – Veterinary Assisting Option
  • Horticulture Science
  • Natural Resources Management

2) Arts

  • Graphic Communications
  • Interior Design
  • Professional Photography

3) Business

  • Accounting
  • Administrative Assistant
  • Business Administration Transfer Program
  • Executive Assistant
  • General Business Transfer Program
  • Human Resource Management
  • Legal Office Assistant
  • Marketing Management
  • Medical Administrative Assistant
  • Office Specialist

4) Health

  • Associate Degree Nursing
  • Certified Nursing Assistant (CNA)
  • Continuing Education Courses
  • Dental Assisting
  • Dental Hygiene
  • Medical Laboratory Technology
  • Occupational Therapy Assistant
  • Physical Therapist Assistant
  • Practical Nursing
  • Respiratory Care
  • Surgical Technology Prep

5) Human Services

  • Corrections Transfer Program
  • Early Childhood Education
  • Fire Science Management Transfer Program
  • Police Science

6) Industrial and Engineering

  • Technology
  • Architectural Technology
  • Automated Systems Technology
  • Civil & Construction Engineering Technology
  • CNC Machine Technology
  • Electromechanical Maintenance Technology
  • Electronics Engineering Technology
  • Heating and Air Conditioning
  • John Deere Programs
  • Tool and Die/Mold making
  • Welding

7) Information Technology

  • Computer Networking Technician
  • Information Systems Management
  • Network Administration and Engineering
  • Web Design and Development

8) Power Technology

  • Agricultural Power Technology
  • Automotive Electronic Technology
  • Automotive Technology
  • Collision Repair and Refinishing
  • Diesel Truck Technology
  • Truck Driving and Transportation Training

ཁ༽ སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། འཚང་སྙན་འགེངས་ཤོག་འབུལ་ཕྱོགས།
༡། ཕྱི་ལོ་ ༢༠༡༠ ལོར་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་ནང་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་དགོས་རྒྱུ།

༢། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks Card) དང་རྒྱུགས་འཕྲོད་ལག་འཁྱེར་ (Pass Certificate) ངེས་འབུལ་དགོས་པ།
༣། དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༠ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་རང་བདེན་ཚོགས་ཆུང་ནས་བདེན་དཔང་མཚན་རྟགས་ཞུས་པ་དགོས།
༤། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་འབུལ་དགོས། གལ་ཏེ་ལག་དེབ་དུས་འགྱངས་ཞུ་ཆེད་འབྲེལ་ཡོད་ལས་ཁུངས་སུ་བཏང་ཟིན་པ་ཡིན་ཚེ་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་དགོས་རྒྱུ།བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ཁྲིམས་མཐུན་གྱི་ངོས་འཛིན་ཐུབ་པར་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་ཡིན་པའི་ངོས་སྦྱོར་ཡིག་ཆ་ངེས་པར་དུ་ཞུ་འབུལ་དགོས། ཡིག་ཆའི་ངོ་བཤུས་མཉམ་སྦྱར་དགོས་རྒྱུ།
༥། ཕ་མ་བོད་ནང་ཡོད་པའམ། ཁ་བྲལ་བ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནམ། བོད་གཞུང་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ངོས་སྦྱོར་འབུལ་དགོས།
༦། འཚང་སྙན་འགེངས་ཤོག་ (International Student Application for Admission) གོང་གསལ་མཐོ་སློབ་ཀྱི་དྲྭ་རྒྱ་ http://www.hawkeyecollege.edu/webres/File/admissions/international-student-application-for-admission.pdf ནས་ཕབ་བཤུས་ཀྱིས་ཞིབ་བཀང་ཐོག་འདི་གར་འབུལ་ལམ་ཞུ་དགོས།
༧། འདེམས་སྒྲུག་བྱུང་བའི་སློབ་མས་གོང་གསལ་མཐོ་སློབ་ཀྱི་ཆ་རྐྱེན་ལྟར་སློབ་འཇུག་ངོས་བཞེས་སླད་ (TOEFL iBT/IELTS) རྒྱུགས་སྤྲོད་ནང་ཉུང་མཐར་ཨང་ཚད་ ༦༡།༦་༠ ལོན་པ་དགོས་རྒྱུ། རྒྱུགས་སྤྲོད་ཀྱི་ཨང་ཚད་མཐོ་པོ་ཡོད་ཚེ་སློབ་འཇུག་ངོས་བཞེས་སླ་བ་ཡོད།
༨། གོང་གསལ་སློབ་ཡོན་གྱི་སློབ་འཇུག་ཆ་རྐྱེན་ཁག་མཐོ་སློབ་ཀྱི་དྲྭ་རྒྱ་ http://www.hawkeyecollege.edu ལ་ལྟ་ཞིབ་དགོས་རྒྱུ།
༩། རྒྱབ་གཉེར་ཡི་གེ་ཞིག་ (Letter of Recommendation) རང་གི་སློབ་གྲྭའམ་ཡང་ན་མཐོ་སློབ་ནས་ཞུ་འབུལ་དགོས་རྒྱུ།
༡༠། ངོས་འཛིན་ཡོད་པའི་བོད་ལུགས་སྨན་པའམ། དེབ་བསྐྱེལ་ཡོད་པའི་ཕྱི་ལུགས་སྨན་པ་གང་རུང་ཞིག་གི་གཟུགས་ཁམས་བདེ་ཐང་ཡིན་པའི་ལག་འཁྱེར་འབུལ་དགོས།
༡༡། གོང་གསལ་སྦྱིན་བདག་དང་ནང་མི་ནས་སློབ་ཡོན་དང་། ཁང་དོད། འཚོ་དོད་བཅས་གནང་རྒྱུ་དང་། དེ་བཞིན་ཕར་ཚུར་གནམ་གྲོན་ཡང་གནང་རྒྱུའི་ཞལ་བཞེས་བྱུང་།

ག༽ ཐུགས་སྣང་དགོས་གལ་ཁག
༡། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་འཕྲོད་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས། ཡང་ན་བོད་གཞུང་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་ཡན་ཡོད་པའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གི་འགན་ལེན་དག་མཆན་འཁོད་པ་འཚང་སྙན་མཉམ་འབུལ་དགོས། ས་གནས་འགོ་འཛིན་ལས་ཁུངས་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་མེད་པའི་ས་གནས་སུ་རང་བདེན་ཚོགས་ཆུང་གི་ལས་དམ་དང་བཅས་ཏེ་འགན་ལེན་དག་མཆན་དགོས་པ་ཡིན།
༢། སློབ་ཕྲུག་གང་ཞིག་ཤེས་རིག་ལས་ཁུངས་ནས་སྨན་པ་(MBBS)དང་བཟོ་སྐྲུན་རིག་གནས་ (Engg.) སོགས་ཟུར་བཅད་ཞབས་སྟེགས་ཐོག་འདེམས་སྒྲུག་བྱུང་སྟེ་མཐོ་སློབ་འགྲིམ་བཞིན་པ་ཡིན་ཚེ་སློབ་ཡོན་འདིའི་ཁོངས་འཚང་ཞུགས་བྱེད་མི་ཆོག
༣། ཕྱི་ལོ་ ༢༠༡༡ ཟླ་ ༨ པའི་ནང་མཐོ་སློབ་ཏུ་བསྐྱོད་དགོས་པར་བརྟེན། ཕྱི་བསྐྱོད་ལག་འཁྱེར་སེར་པོ་ (IC) དུས་ཐོག་ཐོན་ཐབས་བྱ་རྒྱུ་དང་། སློབ་སྦྱོང་གི་དུས་ཡུན་རིང་ལག་འཁྱེར་དང་འབྲེལ་བའི་དཀའ་རྙོག་རིགས་བྱུང་ཚེ་དོ་བདག་སོ་སོ་ནས་འགན་ཁུར་དགོས་པ་ཡིན།
༤། འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང་། ཨི་མེལ། ཁ་པར་ཨང་གྲངས་སོགས་ཁ་གསལ་འགོད་དགོས།
༥། རྒྱ་གར་ནང་འདེམས་སྒྲུག་སྐབས་ཀྱི་འགྲོ་གྲོན་ཆ་ཚང་སློབ་གཉེར་བ་རང་ངོས་ནས་བསྒྲུབ་དགོས་པ་ཡིན།
༦། འཚང་སྙན་མཉམ་དུ་གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༥༠ འབུལ་དགོས།
༧། འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
༨། དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་དགོས་ངེས་ཡིག་ཆ་ཚང་མིན་བརྡ་ལན་གནང་རྒྱུ་དང་། དེའི་རྗེས་སུ་ཕུལ་འབྱོར་བྱུང་བ་རྣམས་ལ་བརྡ་ལན་གནང་རྒྱུ་མིན།
༩། ཚུད་རྒྱུགས་ཆེད་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༡ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་འདི་ག་ལས་ཁུངས་ཀྱི་མཐོ་སློབ་ཚན་པར་འབྱོར་ཐོ་འགོད་དགོས་པ་དང་། ཕྱི་ཚེས་ ༢༢ དང་ ༢༣ ཉིན་གཉིས་རིང་བོད་ཨིན་འབྲི་རྒྱུགས་དང་ངག་རྒྱུགས་བཅས་གཏོང་རྒྱུ།
༡༠། ཚུད་རྒྱུགས་ཀྱི་ལམ་ནས་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་གཅིག་འདེམས་སྒྲུག་གནང་རྒྱུ།
༡༡། འཚང་སྙན་མཉམ་དགོས་མཁོའི་ཡིག་ཆ་ཁག་ཆད་ལུས་མེད་པ་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས།
༡༢ །མཐའ་དོན་གོང་གསལ་སློབ་ཡོན་ཐད་དོགས་འདྲི་འཕར་མ་ཡོད་ཚེ་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་གཞུང་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༥ ལ།།

Secretary
High Level Scholarship Committee
C/o Department of Education, CTA
Gangchen Kyishong
Dharamsala – 176 215
Distt. Kangra, H.P.
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected]
Website: www.tcewf.org

Share with your friends










Submit