ཟླ་བ་ ༥ ཚེས ༡༧ ༢༠༡༠

༄༅།། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་ཁག་བཅུ་གསུམ་གྱི་ཤེས་ཡོན་རྟོག་ཞིབ་དང་འབྲེལ་བའི་ལས་དོན་ཆེད་ཤེས་ཡོན་འགན་འཛིན་ (Education Officer) དང་མདུན་ལམ་སློབ་སྟོན་པ་ (Career Counselor) ཞིག་དགོས་མཁོ་ཡོད་པས་གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་དགོས་ངེས་ཆ་རྐྱེན་ཡིག་ཆ་ཁག་དང་སྦྲགས་གཤམ་འཁོད་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༣༠ འགྱངས་མེད་འཚང་སྙན་འབུལ་དགོས། སྙན་འབུལ་བའི་སྙན་ཞུ་བཅས་པ་འདི་ནས་གངས་ཅན་བདེ་རྩར་ཁུང་སྤྲོད་དང་མཐའ་མའི་འདེམས་སྒྲུག་གངས་ཅན་བདེ་རྩས་གནང་རྒྱུ།

ཀ༽ དགོས་ངེས་ཆ་རྐྱེན།

ཤེས་ཡོན་འགན་འཛིན།

༡།ཉུང་མཐར་ (Master Degree) སློབ་ཐོན་པའི་ཐོག་དགེ་རྒན་འོས་སྦྱོང། (B.Ed/M.Ed) ཤེས་ཚད་ཡོད་པའི་ལག་འཁྱེར་གྱི་ངོ་བཤུས།

༢།རང་ལོ་ ༤༥ མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་གྱི་ངོ་བཤུས།

མདུན་ལམ་སློབ་སྟོན་པ།

༡།ཉུང་མཐར་ Master Degree(Psychology) སློབ་ཐོན་པའི་ཐོག Post Graduate Diploma in Guidance & Counselling ཡང་ན། Master Degree(Counseling) ཤེས་ཚད་ཡོད་པའི་ལག་འཁྱེར་གྱི་ངོ་བཤུས།

༢།རང་ལོ་ ༤༥ མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་གྱི་ངོ་བཤུས།

དེ་མིན་དགོས་མཁོའི་ཆ་རྐྱེན་ཁག

༡།འབུལ་འབབ་གཙང་འབུལ་ཞུས་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།

༢།བོད་མིའི་སྐྱབས་བཅོལ་ལག་འཁྱེར་ (R.C.) གྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།

༣།ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།

༤།ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།

༥།བོད་ཀྱི་སྐད་ཡིག་དང་། རིག་གཞུང་། རྒྱལ་རབས་བཅས་ཀྱི་ཤེས་ཚད་ཡོད་པ།

༦།བོད་ཡིག་རང་རྐྱ་འཕེར་བ།
(ཁ) ཕོགས་རིམ།

༡།ཤེས་ཡོན་འགན་འཛིན་ལ་ཟླ་རེར་ནེ་སྒོར། ༢༢༥༠༠། (ཧིན་སྒོར་ ༡༤༠༦༢།༥༠) ཐོག་ཐོབ་ཐང་གཞན་ཁག་གངས་ཅན་བདེ་རྩའི་སྒྲིག་གཞི་ལྟར་འཐོབ་རྒྱུ།

༢།མདུན་ལམ་སློབ་སྟོན་པར་ཟླ་རེར་ནེ་སྒོར། ༡༦༥༠༠། (ཧིན་སྒོར་ ༡༠༣༡༢།༥༠) ཐོག་ཐོབ་ཐང་གཞན་ཁག་གངས་ཅན་བདེ་རྩའི་སྒྲིག་གཞི་ལྟར་འཐོབ་རྒྱུ།

གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་རང་གཞུང་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གིས་ངོ་བཤུས་ཡིག་ཆ་ཁག་དངོས་བདེན་ཡིན་པའི་དག་མཚན་ངེས་པར་དུ་འཁོད་དགོས་པའི་གསལ་བསྒྲགས་སུ།

བོད་གཞུང་ཤེས་རིག་ལས་ཁུངས་ནས།

ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ལ།།

Secretary
Department of Education,CTA
Gangchen Kyishong,
Dharamsala-176215(H.P.)INDIA
Fax:01892-223481,Tel:01892-222572/222721
Email:[email protected]/ [email protected]
Website:www.sherig.org

Share with your friends










Submit