ཟླ་བ་ ༥ ཚེས ༡༨ ༢༠༡༠

༄༅།། དབུས་བོད་སློབ་འཛིན་ཚོགས་ཀྱི་གཏན་སློབ་ཁག་ཏུ་རེག་ཊར་ (Rector) ས་མིག་འགའ་ཤས་ཡོད་པས་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་དགོས་མཁོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༦ འགྱངས་མེད་འཚང་སྙན་འབུལ་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་འདི་ནས་རྒྱབ་གཉེར་ཞུས་ཏེ་དབུས་བོད་སློབ་འཛིན་ཚོགས་ནས་མཐའ་མའི་འདེམས་སྒྲུག་བྱས་ཏེ་ཞབས་གཡར་ཐོག་མང་མཐར་ལོ་ལྔ་བར་བསྐོ་གཞག་གནང་རྒྱུ་ཡིན།

ཀ༽ དགོས་ངེས་ཆ་རྐྱེན།

༡) ཉུང་མཐར་མཐོ་སློབ་ (Bachelor Degree) སློབ་ཐོན་པའམ། ཡང་ན་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་དེ་དང་མཉམ་པའི་ཤེས་ཚད་ཡོད་པའི་ལག་འཁྱེར་གྱི་ངོ་བཤུས།

༢) ཉུང་མཐར་འཛིན་སྐྱོང་གི་ཉམས་མྱོང་ལོ་བདུན་ཡོད་པའི་ཡིག་ཆའི་ངོ་བཤུས། སློབ་གྲྭའི་འཛིན་སྐྱོང་ངམ་སློབ་ཁྲིད་ཐོག་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

༣) རང་ལོ་ ༣༠ ནས་ ༤༥ བར་ཡིན་པའི་སྐྱེས་ཚེས་ལག་འཁྱེར་གྱི་ངོ་བཤུས།

༤) འབུལ་འབབ་གཙང་འབུལ་ཞུས་པའི་དཔྱ་ཁྲལ་ལག་དེབ་ (G.B.) ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།

༥) བོད་མིའི་སྐྱབས་བཅོལ་ལག་འཁྱེར་ (R.C.) གྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།

༦) ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།

༧) ད་ལྟ་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།

༨) བོད་ཀྱི་སྐད་ཡིག་དང་། རིག་གཞུང་། རྒྱལ་རབས། ལུགས་སྲོལ་སོགས་ཀྱི་ཐད་ཤེས་ཚད་གང་ལེགས་ཡོད་པ།

༩) དབྱིན་སྐད་དམ། ཧིན་སྐད་གང་རུང་རང་རྐྱ་འཕེར་ངེས་ཡོད་པ།

གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་རང་གཞུང་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་དང་། ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གིས་ངོ་བཤུས་ཡིག་ཆ་ཁག་དངོས་བདེན་ཡིན་པའི་དག་མཆན་ངེས་པར་དུ་འཁོད་དགོས།

(ཁ) གསོལ་ཕོགས། དབུས་བོད་སློབ་འཛིན་ཚོགས་ཀྱི་སྒྲིག་གཞི་ལྟར་རྩ་ཕོགས་ ༩༣༠༠་་་༣༤༨༠༠+༤༢༠༠ གེ་རེཊ་པེ་ (Grade pay) ཐོག་ཡུལ་ཐང་གུན་གསབ་བཅས་ཁྱོན་བསྡོམས་སྒོར་ ༡༩༣༠༥། ཙམ་འཐོབ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།

བོད་གཞུང་ཤེས་རིག་ལས་ཁུངས་ནས།

ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༨ ལ།།

Secretary
Department of Education,CTA
Gangchen Kyishong,Dharamsala-176215(H.P.)INDIA
Fax:01892-223481, Tel:01892-222572/222721
Email:[email protected],[email protected],
Website:www.sherig.org

Share with your friends










Submit