ཟླ་བ་ ༤ ཚེས ༢༩ ༢༠༡༠

༄༅། །བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཚོགས་རྒྱུ་ཐུགས་གཏན་འཁེལ་བ་ལྟར་ཚོགས་མིའི་ཡོང་ཁུངས་ཁོངས་ནས་རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་གནང་མཁན་མཁས་དབང་དང་། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་ཚོགས་ཆེན་དུ་མཉམ་ཞུགས་གནང་འདོད་ཡོད་རིགས་རྒྱ་བལ་འབྲུག་གསུམ་ནས་དང་བླངས་ཕེབས་མཁན་གྲངས་ ༢༥ ལྷག་གི་མིང་ཐོ་འདི་གར་འབྱོར་ཟིན་པར་སོང་ད་ཆ་མཚན་ཐོ་བཞེས་རྒྱུ་མིན་ཅིང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དང་བླངས་ཕེབས་མི་རྣམས་དུས་བཀག་བར་མཚན་ཐོ་འབུལ་འཐུས་ཆོག་ཡང་ First Come First Serve གནང་རྒྱུ། དང་བླངས་ཚོགས་བཅར་མི་གྲངས་ ༢༥ ཁོངས་ཚུད་པ་རྣམས་ལ་སྐབས་བསྟུན་འདི་ནས་ཡིག་ངག་གང་རུང་བརྒྱུད་འབྲེལ་བ་གནང་རྒྱུ་ལས་གཞན་སྙན་ཞུ་འབྱོར་བ་རྣམས་ལ་བརྡ་ལན་གནང་རྒྱུ་མིན་པའི་གསལ་བསྒྲགས་སུ།

ཚོགས་དྲུང་ལས་ཁུངས་ནས་ ༢༠༡༠ ཟླ་ ༤ ཚེས་ ༢༩ ལ།།

༡། གཞུང་འབྲེལ་གསར་ཤོག་ཁག་དང་དྲྭ་རྒྱ།

2། བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན་གསར་ཤོག་ཏུ་གླ་ཡོད་གསལ་བསྒྲགས།

Share with your friends










Submit