༢༠༡༠ ཕྱི་ཟླ་ ༤ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༤ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧིན་དྷུའི་བླ་ཆེན་ Swami Gurusharanandji Maharaj མཆོག་དང་ཨུ་ཊར་ཁཎྜ་ Uttarkhand གཉིས་ཟུང་འབྲེལ་ཐོག་རྒྱ་གར་གྱི་ཆུ་བོ་གངྒཱ་ (Ganga) གཙང་བཟོའི་མཛད་སྒོ་ཞིག་གྲོང་ཁྱེར་ Rishikeesh རི་ཤི་ཀི་ལ་ཚོགས་ཡོད་པ་དེའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་མགོན་པོ་གང་ཉིད་མཆོག་གིས་དབུས་བི་ཇེ་པའི་ B.J.P. དཔོན་རིགས་ ཨེལ་ཀི་ཨ་ཌ་ཝ་ནི་ L.K.Advani མཆོག་དང་ཨུ་ཊར་ཁ་མངའ་སྡེའི་བློན་ཆེན་ Chief Minister Dr.Ramesh སོགས་ལྷན་ཞུགས་ཀྱིས་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་
དེང་སང་ཆུ་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན་འཛམ་གླིང་འདི་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་ང་ཚོས་ངེས་པར་དུ་འབྱུང་འགྱུར་གྱི་མི་རབས་རྣམས་ལ་བསམ་གཞིགས་བྱེད་དགོས། ཨི་ཤེ་ཡའི་གླིང་ཕྲན་ནང་ཡོད་པའི་གཙང་ཆུ་དེ་དག་ལ་བརྟེན་ནས་མི་ས་ཡ་མང་པོ་འཚོ་བ་སྐྱེལ་བཞིན་ཡོད། དེར་བརྟེན་གཙང་ཆུ་དེ་དག་ལ་དམིགས་བསལ་གྱི་བདག་གཅེས་བྱེད་དགོས་པ་ཞིག་ཡིན། ཨི་ཤེ་ཡའི་ནང་གི་གཙང་ཆུ་མང་པོ་ཞིག་གི་འབྱུང་ཁུངས་དེ་བོད་ཆགས་ཀྱི་ཡོད་པར་བརྟེན། གཙང་ཆུ་དེ་རིགས་ལ་ངེས་པར་དུ་བདག་གཅེས་དགོས་པ་ཞིག་ཆགས་ཡོད། ཚ་དྲོད་དབང་གིས་མཐོ་སྒང་བོད་ཀྱི་གངས་རི་བཞུར་ནས་ཁོར་ཡུག་ལ་འཕོ་འགྱུར་ཤུགས་ཆེ་འགྲོ་གི་ཡོད། ཅེས་བཀའ་སློབ་ཕེབས་ཡོད། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཚན་རིག་པ་ཁག་གཅིག་གིས་བོད་འདི་འཛམ་གླིང་ཐོག་འཁྱགས་རོམ་གསུམ་པ་ཞིག་བརྩིས་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ་བོད་ཀྱི་ཁོར་ཡུག་ལ་རྒྱ་ནག་གཞུང་ནས་བདག་གཅེས་དགོས་པའི་བཀའ་སློབ་ཀྱང་ཕེབས་ཡོད། དེ་བཞིན་མཛད་སྒོའི་ཐོག་བླ་ཆེན་ས་མི་རམ་ཌིབ་ཇི་ Swami Ramdevji ལགས་ཀྱིས་སྣེ་ཁྲིད་དེ་ཆུ་བོ་གྒཱ་གཙང་མ་ཉར་རྒྱུའི་དམ་བཅའ་ཞིག་ཀྱང་བཞག་ཡོད་པ་རེད།