༢༠༡༠ ཕྱི་ཟླ་ ༤ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་བཞུགས་སྒར་ནས་ཆིབས་སྒྱུར་གྱིས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་ Uttarkhand ཨུ་ཊར་ཁ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཧིན་རྡུའི་གནས་མཆོག་ Haridwar ཧ་རི་ཌ་ཝར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་མ་ཟད། དེ་ཉིན་ཕྱེད་ཡོལ་ Rishikeesh རི་ཤི་ཀི་ཤི་ཁུལ་དུ་ཆིབས་སྒྱུར་བསྐྱང་སྟེ་ཧིན་རྡུའི་ Maha Kumbh Mela མཧཱ་ཀུམ་བྷ་མེ་ལ་ཞེས་པའི་དུས་ཆེན་དེར་མི་ཚོགས་ས་ཡ་མང་པོ་འདུ་འཛོམས་བྱེད་ཀྱི་ཡོད་པ་རྣམས་ལ་ཆོས་འབྲེལ་དང་། དེ་བཞིན་ཧིན་རྡུའི་ཆོས་ལུགས་ཀྱི་ཕྱག་དཔེ་དབུ་འབྱེད་བསྐྱང་རྒྱུ། ཕྱོགས་མཚུངས་ཚོགས་པ་དེས་གོ་སྒྲོག་ཐོག་འཛམ་གླིང་ནང་ཞི་བདེ་ཡོང་བའི་ལས་འགུལ་གྱི་སྨོན་ལམ་དུ་ལྷན་ཞུགས་མཛད་རྒྱུ་དང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧིན་རྡུའི་གནས་ཆེན་ལ་ཆིབས་སྒྱུར་བསྐྱང་སྟེ་དེར་ཆོས་ལུགས་རིས་མེད་ཀྱི་བླ་མ་དང་མཁས་དབང་ཁག་འདུ་འཛོམས་ཀྱིས་འཛམ་གླིང་ནང་ཞི་བདེ་ཡོང་བའི་ཐུགས་སྨོན་ནང་མགོན་པོ་གང་ཉིད་མཆོག་ལྷན་ཞུགས་མཛད་རྒྱུ་དང་འབྲེལ་ཆུ་བོ་གངྒའི་གཡས་གཡོན་གྱི་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་དེར་ཡང་ལྷན་ཞུགས་མཛད་རྒྱུ་ཡིན་པ་རེད།
ཕྱི་ཚེས་ ༤ ཉིན་རྒྱབ་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག དེ་བཞིན་༸གོང་ས་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ Slovenia Maribor སོལ་ཝི་ནི་ཡ་མ་རི་བོར་ལ་ཆིབས་སྒྱུར་བསྐྱང་སྟེ་ཁུལ་དེར་ཕྱི་ཚེས་ ༦ ཉིན་གཙོ་བོ་མང་ཚོགས་ལ་སྟོང་ལོ་གསར་པའི་ཀུན་སྤྱོད། (Ethics for the New millennium) ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག