ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །སྒང་ཏོག་ས་གནས་སུ་གནས་སྡོད་བྱེད་མི་བློ་བཟང་རྡོ་རྗེ་ལགས་ནས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་བྱེད་རྒྱུར་དམིགས་ཏེ་ངལ་བ་ཁྱད་བསད་ཀྱི་ཐོག་ནས་འགྱུར་བ་ཞེས་པའི་གློག་བརྙན་ཞིག་བོད་མིའི་གཞིས་སྒར་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་དང་། སྒང་ཏོག་བཅས་སུ་བོད་མི་རྒན་གཞོན་བར་གསུམ་གྱི་བསམ་བློའི་འཁྱེར་སྟངས་དང་། བོད་ཆོལ་གསུམ་ཡུལ་ཁག་སོ་སོའི་གོམས་སྲོལ་ནང་ནས་དམིགས་བཀར་གྱིས་ཁག་ཅིག་འཁྲབ་སྒྲིག་ཞུས་ཏེ་འདི་ལོ་བོད་ས་རྒྱ་གཞུང་ནས་བཙན་བཟུང་གིས་བཙན་བྱོལ་དུ་དུ་གྱར་ཏེ་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་བཟོ་སྒྲིག་བྱས་པ་ཞིག་ཡིན་འདུག ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ཚེས་ ༡༧ ཉིན་དབུས་ལས་ཁུངས་འགྲོལ་མཚམས་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་མགྲོན་གྱི་གཙོ་བོར་གདན་ཞུས་གནང་བ་དང་སྦྲགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གཟིགས་ཕུད་གྲུབ་མཚམས་སྐུ་ངོ་མཆོག་ནས་གློག་བརྙན་དེའི་སྐོར་དོན་ཚན་ཁག་གསུམ་དུ་དབྱེ་སྟེ་གསུང་བཤད་དང་ལམ་སྟོན་ཡང་གནང་ཡོད།
ཐེངས་འདིའི་གཟིགས་ཕུད་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་གསར་འགོད་པ་བཅས་གདན་ཞུས་གནང་ཡོད་འདུག