ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༦ རེས་གཟའ་མིག་དམར།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང།

རིགརིགས་ལམ་བོད་ཀྱི་སློབ་གཉེར་ཁང་དང་མེ་ཡ་མི་གཙུག་ལག་སློབ་གཉེར་ཁང་གཉིས་མོས་ཐོག་ཤེས་རིག་བརྗེ་སྤེལ་གྱི་གན་འཇོག་མཛད་སྒོ་ཚོགས་བཞིན་པ།ར་བཞད་ཀྱི
ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་གནས་ཐབས་སུ་བོད་ཀྱི་ཤེས་ཡོན་བསྟི་གནས་ཁག་དང་རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་ཁག་གི་དབར་ཤེས་རིག་བརྗེ་སྤེལ་གྱི་ལེགས་ཆ་སྤེལ་རེས་དགོས་སྐོར་སྔ་རྗེས་རིམ་པས་བཀའ་སློབ་སྩལ་བ་བཞིན། ས་ར་བོད་ཀྱི་མཐོ་སློབ་ཁང་དུ་བོད་རྒྱལ་ལོ་ ༢༡༣༥ རབ་བྱུང་རི་ཟླའི་ས་བྱི་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༡ གནམ་ལོ་གསར་དུས་ཚེས་ཁྱད་པར་ཅན་དང་དུས་བསྟུན་རིགས་ལམ་བོད་ཀྱི་སློབ་གཉེར་ཁང་དང་མེ་ཡ་མི་གཙུག་ལག་སློབ་གཉེར་ཁང་ (Miami University) གཉིས་ཕན་ཚུན་གཉིས་མོས་གན་འཇོག་གི་མཛད་སྒོ་ཞིག་སྐོང་ཚོགས་གནང་ཡོད་པ་རེད། མཛད་སྒོའི་ཐོག་དཔལ་ལྡན་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་མགྲོན་གྱི་གཙོ་བོར་གདན་ཞུས་གནང་བ་བཞིན་ཆེད་ཕེབས་ཀྱིས་རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་དཀར་གཙང་གི་མཇལ་དར་སྒྲོན་འབུལ་གནང་བ་དང་སྦྲགས་འོད་སྣང་འབུམ་དང་ལྡན་པའི་སྣང་གསལ་གྱི་མར་མེ་ཞལ་ཕྱེ་གནང་སྟེ་བཞུགས་གྲལ་དུ་འཁོད་རྗེས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་དང་། ཨ་རིའི་མེ་ཡ་མི་གཙུག་ལག་སློབ་གཉེར་ཁང་གི་ལས་གཞིའི་འགན་འཛིན་(Dr.Deborah Ackrs,Program Director Miami, University side)དང་། (Provost,Miami University,Ohio,USA)བཅས་ཀྱི་རིམ་པས་གསུང་བཤད་གནང་གྲུབ་རྗེས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་གསུང་བཤད་གནང་དོན།། མེ་ཡ་མི་གཙུག་ལག་སློབ་གཉེར་ཁང་དང་ས་ར་བོད་ཀྱི་སློབ་གཉེར་ཁང་གཉིས་དབར་གན་འཇོག་གི་མཛད་སྒོར་ས་ཐག་རིང་པོ་ནས་ཆེད་ཕེབས་གནང་བའི་ (Dr.Deborah Ackrs)དང་། (Provost) རྣམ་གཉིས་གཙོས་པའི་སྐུ་མགྲོན་རྣམ་པར་དེ་རིང་སློབ་གྲྭ་གཉིས་གན་འཇོག་གི་མཛད་སྒོ་འདི་འདྲ་ཞིག་ཚུགས་པར་ངས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་

ཤེས་རིག་བརྗེ་སྤེལ་གྱི་གན་འཇོག་མཚན་རྟགས་སྐྱོན་རྗེས་བཀྲ་ཤིས་བདེ་ལེགས་ཡོང་བའི་འཚམས་ཞུའི་ཕྱག་གཏོང་བཞིན་པ།
རྒྱུ་ཡིན། མེ་ཡ་མི་གཙུག་ལག་སློབ་གཉེར་ཁང་དང་ས་ར་བོད་ཀྱི་མཐོ་སློབ་སློབ་ གཉེར་ཁང་ཟུང་འབྲེལ་ཐོག་རིག་
གཞུང་བརྗེ་སྤེལ་གནང་རྒྱུའི་དགོངས་བཞེས་གནང་བ་དེ་ནི་ཧ་ཅང་རླབས་ཆེན་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། མིའི་རྣམ་དཔྱོད་བེད་སྤྱད་དེ་སེམས་པ་བཟང་པོའི་ཡོན་ཏན་ཐོག་གོམས་འདྲིས་བྱས་ཏེ་གོམ་པ་མདུན་སྤོས་བྱ་དགོས་རྒྱུ་དེ་ཡང་གལ་གནད་ཆེན་པོ་ཡིན་སྐོར་སོགས་གསུང་བཤད་ཟབ་རྒྱས་གནང་གྲུབ་རྗེས་ས་ར་བོད་ཀྱི་མཐོ་སློབ་ཁང་གི་འགན་འཛིན་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ། ཐེངས་འདིའི་ཤེས་ཡོན་བརྗེ་སྤེལ་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་དང་། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས། དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས། ཆོས་རིག་དྲུང་འཕར་ནོར་བུ་དོན་ལྡན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་བོད་ཁྱིམ་སྟེང་ཤོད་གཉིས་ཀྱི་འགན་འཛིན་དང་། གསར་འགོད་པ་བཅས་མཉམ་ཞུགས་གནང་ཡོད་པ་རེད།།