ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པའི་ནང་གསལ་ལྟར་འཆར་འབུལ་ཕྱག་རྟགས་རིན་པོ་ཆེ་སྤྱི་བསྩལ་དགོངས་དོན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ་ནས་ཕྱི་ཟླ་ ༣ ཚེས་ ༢༡ རེས་གཟའ་སྤེན་པ་བར་ལས་དུས་ཉིན་གྲངས་བཅིུག་རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་ཚུགས་གཏན་འཁེལ་བའི་སྐོར་ ༢༠༠༨ ཟླ་ ༡༡ ཚེས་ ༢༧ ཉིན་གསལ་བསྒྲགས་སོང་བ་དེ་ལྟར་ཡང་། ལས་དོན་ལ་གཞིགས་པའི་ལས་ཡུན་ཉིན་གྲངས་ཉུང་སྐྱོན་ཆགས་གཞིས་རྐྱེན་པས་ད་ཆ་ཚོགས་དུས་བདུན་པ་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ་ནས་ཕྱི་ཟླ་ ༣ ཚེས་ ༢༧ རེས་གཟའ་པ་སངས་བར་ལས་དུས་ཉིན་གྲངས་བཅུ་དྲུག་རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་ཚུགས་གཏན་འཁེལ་བར་ཚོགས་མི་རྣམ་པ་དུས་ཐོག་ཚོགས་བཅར་ཐོག སྤྱི་འཐུས་རྣམས་ཕྱི་ཟླ་ ༣ ཚེས་ ༨ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་འབུལ་དགོས་པ་བཅས་ཀྱི་ཚོགས་བརྡ་གསལ་བསྒྲགས་སུ། ཚོགས་དྲུང་ལས་ཁུངས་ནས། ༢༠༠༩ ཟླ་ ༡༢ ཚེས་ ༡༩ ལ།།