ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༧ རེས་གཟའ་པ་སངས།
༄༅། །གཞིས་བྱེས་གཉིས་སུ་བཞུགས་པའི་བོད་རིགས་ཡོངས་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་སྙན་ལམ་དུ། ཆེད་ཞུ། འདི་ག་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་ད་ལོ་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་བའི་དངོས་ཡོད་གནས་ཚུལ་གྱི་རྒྱུད་རིམ་ཕྱོགས་བསྒྲིགས་ཞུ་འཆར་ལགས་ན། ཕྱོགས་ཡོངས་ཀྱི་གནས་ཚུལ་འཚེམ་ལུས་མེད་པ་ཡོང་ཆེད་འབྲེལ་ཡོད་སོ་སོ་ནས་ཁུངས་ལྡན་གནས་ཚུལ་མཁྱེན་རྟོགས་གང་ཡོད་རྣམས་ཡིག་ཐོག་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༣༠ འགྱངས་མེད་འདི་ག་ཚོགས་ཆུང་དུ་ངེས་གནང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་སུ།
བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་ ༢༠༠༨ ཟླ་ ༡༡ ཚེས་ ༧ ལ།།
Fax No. # 01892-224593
E-Mail # [email protected]