ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ༢༠༠༨ ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་རྒྱབ་བཞུགས་སྒར་ཕོ་བྲང་ནས་སྟོན་འཁོར་དང་བཅས་གྷ་གལ་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་ཏེ་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་བསྒྱུར་བསྐྱངས། ཕྱི་ཚེས་ ༣༠ དགོང་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉི་ཧོང་གི་རྒྱལ་ས་ཊོ་ཁྱོར་གྱི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་། ཉི་ཧོང་ནང་པའི་ཚོགས་གཙོ་བཅས་ནས་ཕེབས་བསུ་ཞུ་རྒྱུས་མཚོན་ཚེས་ ༦ བར་ཉི་ཧོང་ཁུལ་དུ་མཛད་འཆར་ཁག་བསྐྱང་རྒྱུ་དང་། ཕྱི་ཚེས་ ༧ ཉིན་ཉི་ཧོང་ནས་མཁའ་ལམ་བརྒྱུད་རྒྱ་གར་དུ་ཆིབས་སྒྱུར་གནང་རྒྱུ་བཅས་ཀྱི་གནས་བསྡུས་སུ།།